ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་དཀར་ནག་གི་ས་མཚམས་དཀའ་རྙོག་གསར་དུ་བྱུང་དེ་ལྷིང་འཇགས་ཡོང་གི་མེད་པ།


རྒྱ་གར་དང་རྒྱ་ནག་དབར་ས་མཚམས་སུ་དམག་མིས་འགུལ་ཤུགས་དང་འབྲེལ་ནས་འཁོན་འཛིན་ཇེ་ཆེར་འགྲོ་བཞིན་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་གཞུང་འབྲེལ་མི་སྣ་ཚོས་དམག་འཐབ་རྐྱེན་སློང་གི་འགྲེལ་བརྗོད་བྱེད་རེས་ཀྱང་གནང་ཡོད། གནད་དོན་དེ་ཇར་མན་གྱི་གྲོང་ཁྱེར་ཧམ་བྷག་ནང་ཚོགས་རྒྱུའི་འཛམ་གླིང་ནང་དཔལ་འབྱོར་ཡར་རྒྱས་སོང་ཟིན་པ་དང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཉི་ཤུའི་ཚོགས་འདུར་རྒྱ་ནག་གི་སྲིད་འཛིན་དང་རྒྱ་གར་གྱི་སྲིད་བློན་གཉིས་ཐུག་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་ཚོད་དཔག་བྱེད་ཀྱི་འདུག

XS
SM
MD
LG