ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་གར་གྱི་དམག་གི་བཙན་རྫོང་ཞིག་རྒྱ་ནག་གིས་བཤིག་པ།


རྒྱ་གར་གྱི་དམག་ལ་འབྲས་ལྗོངས་དང་འབྲུག་ཡུལ། བོད་བཅས་ཕྱོགས་གསུམ་གྱི་ས་མཚམས་སུ་དམག་གི་བཙན་རྫོང་རྙིང་པ་ཞིག་ཡོད་པ་དང་། རྒྱ་ནག་གཞུང་གིས་འབྲས་ལྗོངས་ཀྱི་རྣ་ཐོད་ལའི་རི་རྩེ་ཞིག་ཏུ་ཡོད་པའི་དམག་གི་བཙན་རྫོང་རྙིང་པ་དེ་བཤིག་དགོས་ཞེས་དགོས་འདུན་ལན་མང་བཏོན་རུང་རྒྱ་གར་གྱིས་དམག་གི་བཙན་རྫོང་རྙིང་པ་དེ་བཤིག་མེད་ཅིང་། ཕྱི་ཟླ་༦་ཟླ་དཀྱིལ་དེར་རྒྱ་ནག་གིས་ས་འབྲུ་འཕྲུལ་འཁོར་བཏང་ནས་རྒྱ་གར་གྱི་དམག་གི་བཙན་རྫོང་རྙིང་པ་དེ་རྩ་གཏོར་བཏང་ཡོད་པ་རེད། རྒྱ་ནག་གི་མི་དམངས་བཅིངས་འགྲོལ་དམག་གི་གསར་འགྱུར་འབྱུང་ཁུངས་ནས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་གར་གཞུང་གིས་འབྲས་ལྗོངས་ཀྱི་མཐའ་མཚམས་ཁག་ཏུ་དམག་གི་བཙན་རྫོང་གསར་པ་ཞིག་ཁག་ཅིག་འཛུགས་སྐྲུན་བྱས་པ་དང་། བཙན་རྫོང་རྙིང་པ་ཁག་ཅིག་ལ་ཞིག་གསོ་བྱས་ནས་མཐའ་མཚམས་སྲུང་སྐྱོབ་ཀྱི་མཐུན་རྐྱེན་ཡག་ཏུ་བཏང་སྟེ། གལ་སྲིད་རྒྱ་དཀར་ནག་གཉིས་ཀྱིས་སླར་ཡང་བོད་ཀྱི་མཐའ་མཚམས་ཁག་ཏུ་དམག་འཁྲུག་བརྒྱབ་ཚེ། རྒྱ་གར་གྱི་དམག་ལ་བཙན་རྫོང་གང་ལེགས་ཡོད་པ་ཞིག་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG