ཐེ་ཝན་གྱིས་རང་སྲུང་བྱེད་པའི་ནུས་ཤུགས་ཆེ་རུ་བཏང་རྒྱུའི་ཆེད་དུ་ཨ་མི་རི་ཀའི་སྲིད་འཛིན་ཁྲ་རམ་གྱིས་དབུ་འཁྲིད་པའི་སྲིད་གཞུང་གིས་ཐེ་ཝན་ལ་ཐོན་གསར་གྱི་མེ་ཤུགས་འཕུར་མདའ་དང་། དམག་གྲུ་བསྟོར་བྱེད་ཀྱི་མེ་ཤུགས་འཕུར་མདའ་སོགས་ཐེ་བས་ཆེས་ཡར་ཐོན་ཅན་གྱི་དྲག་ཆས་གོ་མཚོན་ཁག་ཅིག་ཚོང་བསྒྱུར་བྱ་རྒྱུའི་གྲ་སྒྲིགས་བྱེད་ཀྱི་ཡོད་པ་དང་། ཁྲ་རམ་སྲིད་གཞུང་གི་གསལ་བསྒྲགས་དེ་ནི། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ལ་གཟིགས་སྐོར་ལ་ཕེབས་གྲབས་ཡོད་པའི་སྐབས་འདིར་གནང་བ་ཞིག་ཡིན་པ་སོགས་ཀྱི་སྐོར་ལ་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་དེ་ཕུན་ཚོཌ་ཚེ་རིང་གིས་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་གནང་གི་རེད།