ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨ་རིའི་གྲོས་ཚོགས་ཀྱིས་ཐེ་ཝན་ལ་མཚོན་ཆ་བཙོང་དགོས་ཞེས་སྐུལ་ལྕག


གཟའ་འཁོར་འདིར་དབུས་ཨ་མི་རི་ཀའི་རྒྱལ་ཁབ་པ་ན་མས་ཐེ་ཝན་ལ་ཕྱི་འབྲེལ་བཅད་ནས་རྒྱ་ནག་སྐམ་ས་ཆེན་མོར་འབྲེལ་བ་བཙུགས་པ་དང་། ཐེ་ཝན་ལ་སླར་ཡང་རྒྱལ་སྤྱིའི་ཐོག་ཏུ་ཕྱི་འབྲེལ་གྱི་ཁོར་ཡུག་ཆུང་དུ་སོང་རུང་། ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ཚོགས་ཆུང་གིས་སྲིད་འཛིན་ཌོ་ནལ་ཊོམ་དང་ཨ་རིའི་རྒྱལ་སྲུང་ལྷན་ཁང་ལ་ཨ་མི་རི་ཀས་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ལ་མཁོ་བའི་མཚོན་ཆ་བཙོང་རྒྱུའི་ཐག་གཅོད་བྱས་ཡོད་པ་རྣམས་མྱུར་དུ་ལག་ལེན་བསྟར་དགོས་ཞེས་ནན་བརྗོད་བྱས་ཡོད་ཅིང་། ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ཆེད་དུ་མཁོ་བའི་མཚོན་ཆ་བཙོངས་རྒྱུ་སྲིད་འཛིན་ཨོ་བྷ་མའི་དུས་སྐབས་སུ་ཐག་གཅོད་བྱས་ཡོད་པ་དང་། ད་ལྟ་སྲིད་འཛིན་ཌོ་ནལ་ཊོམ་གྱི་སྲིད་གཞུང་ལ་སྲིད་གཞུང་སྔོན་མས་ཐག་གཅོད་བྱས་པ་རྣམས་ལག་ལེན་བསྟར་རྒྱུ་ལས་མེད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG