ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

༧གོང་ས་མཆོག་དང་རྒྱ་གར་གཞུང་ནས་སྨན་རྩིས་ཁང་མཐོ་སློབ་ཆེད་ཞལ་འདེབས།


རྒྱ་གར་ལྷོ་ཕྱོགས་བྷེང་ལོར་དུ་སྨན་རྩིས་ཁང་གི་མཐོ་སློབ་གསར་རྒྱག་གི་ལས་གཞིའི་ཆེད་དུ་༧གོང་ས་མཆོག་ནས་འགྲོ་མགྲོན་ཧིན་སྒོར་འབུམ་༢༠༠གསོལ་རས་བསྩལ་གནང་བ་དང་དེ་བཞིན་རྒྱ་གར་དབུས་གཞུང་དང་ས་གནས་ཀ་ན་ཌ་ཀ་མངའ་སྡེའི་གཞུང་ནས་ལོ་གསུམ་རིང་ལོ་ལྟར་ཧིན་སྒོར་འབུམ༣༣༠གནང་རྒྱུའི་ཐུགས་གཏན་འཁེལ་ཡོད་པ་སོགས་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་སྨན་རྩིས་ཁང་ནས་གསར་འགོད་ལྷན་ཚོགས་བརྒྱུད་གསལ་བསྒྲགས་གནང་ཡོད་པའི་སྐོར་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

XS
SM
MD
LG