ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

༧གོང་ས་མཆོག་ནས་གཞོན་སྐྱེས་ལ་ནང་ཆོས་ངོ་སྤྲོད་མཇུག་སྒྲིལ་མཛད་པ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༥ ཉིན་ནས་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཁྱིམ་སློབ་གྲྭ་ཁག་དང་རྒྱ་གར་རྒྱལ་ཡོངས་མཐོ་སློབ་ཁག་གི་བོད་པའི་ན་གཞོན་སློབ་ཕྲུག་ཚོར་དམིགས་པའི་ལོ་རེའི་ནང་ཆོས་ངོ་སྤྲོད་ཐེངས་བཅུ་གཅིག་པ་དང་འདི་གར་འཛོམས་པའི་དད་ལྡན་པ་བརྒྱད་སྟོང་བརྒལ་བར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་། རྒྱལ་སྲས་ཐོགས་མེད་ཀྱིས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་སོགས་དེ་རིང་ཚེས་༧ཉིན་ནས་མཇུག་སྒྲིལ་བ་དང་མགོན་པོ་གང་ཉིད་ཀྱིས་གཞོན་སྐྱེས་ཚོར་༧གོང་ས་མཆོག་ལ་དགའ་གུས་ཡོད་ཚེ་ནང་པ་སངས་རྒྱས་པའི་ལྟ་གྲུབ་ལ་བདག་པོ་རྒྱོབ་དགོས་ཅེས་བཀའ་ནན་པོ་བསྩལ་ཡོད་པ་རེད། དེའི་སྐོར་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།

XS
SM
MD
LG