ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རི་ཁོར་ཡུག་སྲུང་སྐྱོབ་གྲོས་མཐུན་ནས་ཕྱིར་འཐེན།


སྔ་ལོའི་སྲིད་འཛིན་འོས་འདེམས་སྐབས་སུ་ཌོ་ནལ་ཊོམ་གྱིས་ངས་ཨ་མི་རི་ཀ་ཨང་དང་པོར་འཛིན་རྒྱུ་ཡིན། རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་གྲོས་མཐུན་དེས་ཨ་མི་རི་ཀའི་རྐང་ལག་བསྡོམས་ཏེ། ཨ་རིའི་དཔལ་འབྱོར་གོང་འཕེལ་དང་ཚོང་ལས་ཡར་རྒྱས་གཏོང་བར་འགོག་རྐྱེན་རྒྱག་འདུག གལ་སྲིད་ང་ལ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ན་ཨ་མི་རི་ཀ་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་གྲོས་མཐུན་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་ཁས་ལེན་བྱས་པ་ལྟར་ཁ་སང་ཕྱི་ཟླ་༦་ཙེས་༡་ཉིན་ཌོ་ནལ་ཊོམ་གྱིས་ཨ་མི་རི་ཀ་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་གྲོས་མཐུན་ཁོངས་ནས་ཕྱིར་འཐེན་བྱས་པ་ཡོད་པ་རེད། ཌོ་ནལ་ཊོམ་གྱི་འགྲེལ་བཤད་གཙོ་བོ་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་གྲོས་མཐུན་དེས་ཨ་རིའི་དཔལ་འབྱོར་གོང་འཕེལ་ལ་གནོད་སྐྱོན་དང་ཨ་མི་རི་ཀའི་མི་དམངས་ལ་ལས་ཀ་ཇེ་ཉུང་། ཨ་མི་རི་ཀའི་བདག་དབང་གི་སྟོབས་ཤུགས་གཅོག་པ་དང་། ཨ་མི་རི་ཀར་གཏན་དུ་ཁེ་སང་མེད་པར་རྒྱལ་ཁབ་གཞན་ལ་ཁེ་སང་སྤྲོད་ཀྱིན་འདུག ཨ་མི་རི་ཀ་༢༠༡༥་ལོར་ཧྥི་རན་སིའི་རྒྱལ་ས་ཕེ་རི་སིར་བཞག་པའི་རྒྱལ་སྤྱིའི་གྲོས་མཐུན་ཁོངས་ནས་ཕྱིར་འཐེན་བྱས་པ་ཡིན། ངས་རྒྱལ་ཁབ་གཞན་གྱི་འགོ་ཁྲིད་ཚོར་ཨ་མི་རི་ཀར་སྔར་བཞིན་འཕྱ་སྨོད་བྱེད་དུ་འཇུག་རྒྱུ་མིན། ང་ཚོ་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་གྲོས་མཐུན་ཁོངས་སུ་མཉམ་ཞུགས་བྱ་དགོས་ཞེས་རྒྱལ་ཁབ་མང་པོ་ཞིག་གིས་སྐུལ་ལྕག་གཏོང་གི་ཡོད་རུང་། རྒྱལ་ཁབ་དེ་དག་དང་ཨ་མི་རི་ཀའི་ཚོང་ལས་ཆ་མཉམ་མེད། ཁོ་ཚོས་ང་ཚོ་ཐུན་མོང་གི་དམག་དོན་ལ་འགྲོ་གྲོན་ཁས་ལེན་བྱས་པ་རྣམས་ཀྱང་མ་བཏང་བར་ཨ་མི་རི་ཀར་ཨ་སྒོར་ཁྲག་ཁྲིག་མང་པོས་གྱོང་གུད་སྤྲོད་ཀྱི་ཡོད་ཅེས་ཁྱབ་བསྒྲགས་བྱས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG