ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ཨ་རིའི་དམག་གྲུ་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་སྐོར་གཡེང་ལ་བསྐྱོད་པ།


ན་ནིང་ཕྱི་ཟླ་༡༠་ནས་ཨ་མི་རི་ཀའི་དམག་གྲུ་ཁག་གིས་ལྷོ་རྒྱ་ནག་རྒྱ་མཚོ་ནང་དུ་སྐོར་གཡེང་བྱས་མེད་པ་དང་། ཁ་སང་ཕྱི་ཟླ་༥་ཚེས་༢༤་ཉིན་ཨ་མི་རི་ཀའི་དམག་གྲུ་ཞིག་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་སྐོར་གཡེང་ལ་སོང་སྟེ། རྒྱ་ནག་གི་འཛུགས་སྐྲུན་བྱས་པའི་གླིང་ཕྲན་ཞིག་དང་རྒྱང་ཁད་མཚོ་ལེ་༡༢་ལས་མེད་པའི་མཚམས་སུ་བསྐྱོད་ཡོད་ཅིང་། འདི་ནི་ཌོ་ནལ་ཊོམ་གྱིས་སྲིད་དབང་བཟུང་བའི་རྗེས་སུ་ཨ་མི་རི་ཀའི་དམག་གྲུ་ཞིག་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་སྐོར་གཡེང་ལ་བསྐྱོད་པ་ཐེངས་དང་པོ་ཡིན། དེར་བརྟེན་རྒྱ་ནག་གིས་དམག་གྲུ་གཉིས་བཏང་ནས་ཨ་མི་རི་ཀའི་དམག་གྲུ་དེར་འགོག་རྒོལ་བྱས་པ་དང་། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཨ་མི་རི་ཀས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་དམག་གྲུ་བཏང་ནས་སྐོར་གཡེང་བྱེད་ཀྱི་ཡོད་པ་འཁྲུག་རྐྱེན་སློང་གཞི་ཞིག་ཡིན་ཞེས་སྐྱོན་བརྗོད་བྱས་འདུག་པ་མ་ཟད། ཨ་རིའི་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་སྐྱེལ་འདྲེན་རང་དབང་དང་འགྲིམ་འགྲུལ་རང་དབང་། རྒྱལ་སྤྱིའི་མཚོ་ལམ་རང་དབང་བཅས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད། ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མཚོ་ལམ་དེ་ཉིད་ཨ་མི་རི་ཀའི་ཚོང་ལས་དང་དཔལ་འབྱོར། ཨ་མི་རི་ཀའི་བདེ་འཇགས་བཅས་ལ་འབྲེལ་བ་ཆགས་ཡོད། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་ཆགས་པའི་བྲག་རྡོའི་སྟེང་དུ་ཨར་འདམ་བླུགས་ཏེ། གླིང་ཕྲན་གསར་པ་འཛུགས་སྐྲུན་བྱས་ནས་མངའ་ཁོངས་བདག་འཛིན་བྱེད་ཀྱི་ཡོད་པ་ཁྲིམས་འགལ་ཡིན་ཞེས་དགག་པ་བརྒྱབ་འདུག

XS
SM
MD
LG