ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

གཅན་ཚར་རང་སྲེག་ངོ་རྒོལ་བྱུང་འདུག


གཅན་ཚར་རང་སྲེག་ངོ་རྒོལ་བྱུང་འདུག
please wait

No media source currently available

0:00 0:01:17 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སྤྱི་ཚེས་༡༩ཉིན་བོད་མདོ་སྨད་གཅན་ཚ་རྫོང་དུ་བོད་མི་ཞིག་གིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་རྒོལ་བྱས་འདུག

རང་སྲེག་ངོ་རྒོལ་བ་ཁོང་ལོ་ན་ཉི་ཤུའི་ལྷག་ཙམ་ཡིན་པའི་བློ་གསལ་ཟེར་པ་ཞིག་ཡིན་ཞིང་ཚེས་༡༩ཞོགས་པ་ནམ་མ་ལངས་གོང་ལ་གཅན་ཚ་རྫོང་ལ་རང་ལུས་མེར་སྲེག་བཏང་ནས་ངོ་རྒོལ་བྱས་པའི་རྗེས་སུ་འདས་གྲོངས་སུ་གྱུར་པ་དང་། སྐབས་དེར་ཉེན་རྟོག་པ་འབྱོར་ནས་ཕུང་པོ་བཙན་འཁྱེར་གྱིས་ད་དུང་ཡང་ནང་མི་ཚོར་རྩིས་སྤྲོད་བྱས་མེད་པ་རེད།

རང་སྲེག་ངོ་རྒོལ་འོག་སྐུ་གྲོངས་པ་བློ་གསལ་ནི་མདོ་སྨད་གཅན་ཚ་གྱེར་སྟེང་དགོན་པའི་དགེ་འདུན་པ་ཞིག་ཡིན་ཞིང་། རྒྱ་ནག་གི་སྲིད་འཛིན་ས་ཁུལ་ལྟར་ན་གཅན་ཚ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG