ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

བྱང་ཀོ་རི་ཡའི་འཕུར་མདེལ་གསར་པ་ཚོད་ལྟ་ལེགས་བྱུང་།


བྱང་ཀོ་རི་ཡས་གསར་དུ་ཚོད་ལྟ་བྱས་པའི་མེ་ཤུགས་འཕུར་མདེལ་སྔོན་མའི་འཕྲུལ་རིག་ལག་རྩལ་ལས་ཀྱང་ཡར་རྒྱས་སོང་སྟེ། ཡུན་རིང་མི་འགོར་པར་བྱང་ཀོ་རི་ཡས་གླིང་བརྒལ་འཕེན་ཕོག་མེ་ཤུགས་འཕུར་མདེལ་བཟོ་སྐྲུན་ཐུབ་པའི་རེ་བ་ཡོད་ཅིང་། ཨ་མི་རི་ཀའི་མཁའ་དབྱིངས་འཕུར་སྐྱོད་ཞིབ་འཇུག་ཁང་གི་འགན་འཛིན་ཇཱོན་ཤི་ལིང་གིས་བཤད་པ་ལྟར་ན་ཁ་སང་གཟའ་ཉི་མའི་ཞོགས་པར་བྱང་ཀོ་རི་ཡས་ཚོད་ལྟ་བྱས་པའི་མེ་ཤུགས་འཕུར་མདེལ་གྱི་འཕྲུལ་རིག་ལག་རྩལ་སྔོན་ཆད་བྱུང་མྱོང་མེད་པའི་ཡར་རྒྱས་སོང་སྟེ། བྱང་ཀོ་རི་ཡས་ཡུན་རིང་མི་འགོར་པར་ཨ་གླིང་སྐམ་ས་ཆེན་མོར་སྙོབ་པའི་གླིང་བརྒལ་འཕེན་ཕོག་འཕུར་མདེལ་བཟོ་སྐྲུན་ཐུབ་རྒྱུའི་རྟགས་མཚན་འདུག་ཅེས་བཤད་ཡོད་པ་རེད། །

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG