ངོ་འཕྲད་བདེ་བའི་དྲ་འབྲེལ།

དབྱིན་ཡུལ་གྱི་ན་གཞོན་ཞིག་གིས་ཨ་སྒོར་༡༡གིས་རྒྱལ་སྤྱིའིོ་དྲ་ལས་ཀྱི་དཀའ་ངལ་ཞིག་སེལ་ཐུབ་པ།


དབྱིན་ཇིའི་སྐྱེད་པ་ལོ་ན་༢༢ ལ་སོན་པ་རིག་མཛོད་འཕྲུལ་ཆས་ ༼Computer༽ཐད་མཁས་པ་ཞིག་གི་རིགས་རྩལ་དང་རླུང་རྟ་བཅས་གཉིས་ཀའི་ཐོག་ནས་ རྒྱལ་ཁབ་བརྒྱ་ལྷག་ལ་འཕྲད་པའི་དྲ་རྒྱའི་ནང་གཞན་གྱིས་ལྐོག་འཛུལ་བྱས་པའི་དཀའ་ངལ་ཚབས་ཆེ་ལ་ གཞི་རྒྱ་ཆེ་བ་ཞིག་བྱུང་ཡོད་པ་དེ་བཀག་འགོག་ཐུབ་ཡོད་པ་རེད་ འདས་པའི་རེས་གཟའ་པ་སངས་ཉིན་ དབྱིན་ཡུལ་གཙོ་བོར་གྱུར་བའི་འཛམ་གླིང་གི་རྒྱལ་ཁབ་ཁྱོན་༡༠༤ལྷག་གི་གཞུང་གི་ལས་ཁུངས་དང་ སྨན་ཁང་ མཐོ་སློབ་སོགས་ཀྱི་རིག་མཛོད་འཕྲུལ་ཆས་ཀམ་པུཊར་ལ་གཞན་གྱིས་ལྐོག་འཛུལ་བྱས་ཏེ་ ཀམ་པུཊར་བེད་སྤྱོད་བྱེད་རྒྱུ་མེད་པ་བཟོས་ནས་ གལ་ཏེ་བེད་སྤྱོད་བྱེད་དགོས་ན་སྔོན་ལ་ཨ་སྒོར་༣༠༠ནས་༦༠༠བར་གཏའ་དངུལ་སྤྲོད་དགོས་པའི་དགོས་འདུན་བཏོན་པ་སོགས་བྱས་ཏེ་ སྨན་ཁང་མང་པོས་ནད་པར་སྨན་བཅོས་བྱ་རྒྱུར་དཀའ་ངལ་བྱུང་བ་སོགས་ཀྱི་ཛ་དྲག་བྱུང་ཡོད་པའི་སྐོར་ རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས།

XS
SM
MD
LG