ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

ལྷོ་ཀོ་རི་ཡའི་སྲིད་འཛིན་གསར་པ་དང་ཞིས་ཅིན་ཕིང་གི་བཀའ་མོལ།


ལྷོ་ཀོ་རི་ཡའི་སྲིད་འཛིན་གསར་པ་མུ་ཅེ་དབྱིན་གྱིས་སྲིད་དབང་བཟུང་ནས་ཉི་མ་གཅིག་ལས་སོང་མེད་རུང་། དེ་རིང་གཟའ་ཕུར་བུའི་ཉིན་སྲིད་འཛིན་མུན་ཅེ་དབྱིན་གྱིས་ལྷོ་ཀོ་རི་ཡར་བཙུགས་ཡོད་པའི་ཨ་མི་རི་ཀའི་འགོག་སྲུང་མཚོན་ཆ་རང་སོར་འཇོག་དགོས་མིན་དང་། བྱང་ཀོ་རི་ཡར་ཞི་བའི་གྲོས་མོལ་བྱས་ནས་ཀོ་རི་ཡའི་གླིང་ཟུར་གྱི་ཛ་དྲག་ཞི་འཇམ་གཏོང་ཐབས་བཅས་ལ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་གྲོས་བསྡུར་བྱས་ཡོད་ཅིང་། ཁོང་གིས་ལྷོ་ཀོ་རི་ཡས་ཨ་མི་རི་ཀའི་འགོག་སྲུང་མཚོན་ཆ་སོར་སོར་འཇོག་དགོས་མིན་ལ་ཐག་གཅོད་གང་ཡང་མ་བྱས་གོང་དུ་བྱང་ཀོ་རི་ཡས་འཁྲུག་རྩོད་བསླངས་ནས་ཛ་དྲག་ཆེ་རུ་གཏོང་གི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་བཤད་པ་དང་། མུན་ཅེ་དབྱིན་གྱིས་སྲིད་འཛིན་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྐབས་སུ་བྱང་ཀོ་རི་ཡར་དཔལ་འབྱོར་དང་ཚོང་ལས་ཀྱི་འབྲེལ་བ་བསྐྱར་འཛུགས་བྱ་རྒྱུ་ཡིན། ཀོ་རི་ཡའི་དམག་འཁྲུག་སྐབས་ནས་ཕ་མ་སྤུན་མཆེད་རྣམས་ཁ་འཐོར་སོང་བའི་རྒན་རྒོན་ཉུང་ཤས་ཤིག་ལྷག་ཡོད་པ་རྣམས་ཕན་ཚུན་ཐུག་འཕྲད་བྱེད་པར་སྒོ་མོ་འབྱེད་ཐབས་བྱ་རྒྱུ་དང་། ལྷོ་ཀོ་རི་ཡར་ཨ་མི་རི་ཀའི་འགོག་སྲུང་མཚོན་ཆ་བཙུགས་ཡོད་པའི་དགེ་སྐྱོན་ལའང་ཞིབ་འཇུག་བྱ་རྒྱུ་ཡིན་ཞེས་ཁས་ལེན་བྱས་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG