ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བྱང་ཀོ་རི་ཡས་རྒྱ་ནག་ལ་ཁ་རྡུང་བཏང་བ།


རྒྱ་ནག་གིས་བྱང་ཀོ་རི་ཡར་དཔལ་འབྱོར་རོགས་རམ་དང་ཚོང་འབྲེལ་རྒྱུན་འཛིན། རྒྱལ་སྤྱིའི་ཐོག་ཏུ་བྱང་ཀོ་རི་ཡར་ཕྱོགས་གང་ཐད་དུ་རྒྱབ་སྐྱོར་བྱེད་ཀྱི་ཡོད་རུང་། ཨ་མི་རི་ཀའི་རྒྱུད་སྐུལ་འོག་ཏུ་རྒྱ་ནག་གིས་བྱང་ཀོ་རི་ཡར་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས་ཞེས་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་བཏང་ཡོད་ཅིང་། དེ་རིང་ཕྱི་ཟླ་༥་ཚེས་༤་ཉིན་བྱང་ཀོ་རི་ཡའི་གསར་འགྱུར་ལས་ཁང་གིས་རྩོམ་ཡིག་སྤེལ་ཏེ། ང་ཚོས་དུས་རབས་སྔོན་མའི་ལོ་རབས་༥༠་བ་ནས་རྒྱ་ནག་ལ་སྲུང་སྐྱོབ་བྱས་ནས་ཨ་མི་རི་ཀ་བཀག་པ་ཡིན། བྱང་ཀོ་རི་ཡ་རྒྱ་ནག་ལ་བཀའ་དྲིན་ཆེན་པོ་ཡིན་པ་རྒྱ་ནག་གིས་བསམ་ཤེས་ཐུབ་དགོས། ཀོ་རི་ཡའི་དམག་འཁྲུག་གི་རྗེས་སུ་རྒྱ་ནག་ལ་བདེ་འཇགས་དང་ཞི་བདེ་བྱུང་བ་བྱང་ཀོ་རི་ཡའི་བཀའ་དྲིན་ཡིན། རྒྱ་ནག་གིས་བྱང་ཀོ་རི་ཡའི་བཟོད་བསྲན་ལ་ཉམས་ཚོད་མ་བླངས་ན་དགེ་མཚན་ཆེ། ང་ཚོས་རང་གི་སྲོག་དང་འདྲ་བའི་རྡུལ་ཕྲན་མཚོན་ཆ་བློས་བཏང་སྟེ། རྒྱ་ནག་ལ་སྔར་བཞིན་བྱང་ཀོ་རི་ཡར་མཛའ་འཛིན་རྒྱུན་འཁྱོངས་གནང་རོགས་ཞེས་ནམ་ཡང་ཞུ་བ་འཐེན་རྒྱུ་མིན། རྒྱ་ནག་གིས་རང་གི་སྲུང་སྐྱོབ་ཀྱི་ཀ་བའི་རྟིང་རྩ་སྔོག་ན་མཇུག་འབྲས་ངན་པ་ཅི་ཞིག་སྨིན་རྒྱུ་ཡིན་མིན་ལ་བསམ་བློ་ཐོངས་ཞེས་ཁ་རྡུང་དྲག་པོ་བཏང་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG