ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

༧གོང་ས་མཆོག་ལ་མ་དངུལ་མཁོ་སྤྲོད་བྱེད་ཀྱི་ཡོད་ལུགས་ཉེས་འཛུགས།


རྒྱ་ནག་གཞུང་གི་བོད་རང་སྐྱོང་ལྗོངས་ཟེར་བའི་གཞུང་འཛིན་ལྷན་ཁང་གི་སྒྲིག་ཁྲིམས་ཞིབ་བཤེར་ཐད་ཀྱི་འགོ་འཛིན་ཝང་ཡུན་ཅུན་གྱིས་བོད་རང་སྐྱོང་ལྗོངས་ཀྱི་གཞུང་འཛིན་ལས་ཁུངས་ནང་གི་ལས་བྱེད་དང་དམར་ཤོག་ཚོགས་པའི་འགོ་ཁྲིད་ཁག་ཅིག་ནས་༼བོད་ཀྱི་ཡུལ་སྲོལ། ༧གོང་ས་མཆོག་ལ་སྐྱབས་ཞུ།༽ ཏཱ་ལ་བླ་མར་མ་དངུལ་མཁོ་སྤྲོད་དང་གསང་བའི་གནས་ཚུལ་ཕྱིར་གྱར་བྱེད་ཀྱི་ཡོད་པ་དེ་ཚོས་ཁ་འབྲལ་རིང་ལུགས་པར་ཁ་གཏད་བཅག་པའི་དམར་ཤོག་ཚོགས་པའི་ཁྲིམས་གཞི་ལ་སྣང་ཆུང་ཁུར་མེད་བྱས་པ་ཞིག་ཡིན་ཞེས་གཏམ་བཤད་སྤེལ་བ་ཞིག་རྒྱ་ནག་གཞུང་གི་མགྲིན་པ་མཚོན་པའི་ཧཱོན་ཆའོ་གསར་ཤོག་ཐོག་གནས་ཚུལ་བཀོད་ཡོད་པ་རེད་ ཡིན་ནའང་རྒྱ་ནག་གཞུང་འཛིན་པའི་བཤད་སྲོལ་དེ་ཚོ་ནི་བོད་རང་སྐྱོང་ལྗོངས་ཀྱི་བོད་པའི་ལས་བྱེད་དང་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོར་ཡིད་ཆེས་མེད་པ་དང་ཆོས་ཕྱོགས་ཀྱི་དད་པ་ལ་ཆབ་སྲིད་ཀྱི་ཉེས་འཛུགས་བྱས་པ་ཞིག་རེད་ཅེས་རྒྱ་ནག་ཐད་ཀྱི་ཉམས་ཞིབ་པ་ཀུན་དགའ་བཀྲིས་ལགས་ནས་ལན་འདེབས་གནང་གི་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG