ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ང་རིགས་པའི་རྗེས་སུ་འབྲང་བ་ལས་སྲོལ་རྒྱུན་གྱི་གཞུག་ལ་མི་འབྲང་།


ཨ་མི་རི་ཀའི་སྲིད་འཛིན་རྣམ་པས་འཛམ་གླིང་གི་སྲིད་དབང་གཅིག་སྡུད་པ་དང་སྲིད་དབང་སྒེར་གཅོད་པ། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རྫི་གཏོང་བའི་འགོ་ཁྲིད་ཚོར་ཐུག་འཕྲད་བྱེད་སྲོལ་མེད་ཅིང་། ཁོ་ཚོ་ཕོ་བྲང་དཀར་པོར་གདན་འདྲེན་མི་ཞུ་བའི་རྒྱུན་གཏན་གྱི་ལམ་སྲོལ་ཞིག་ཡོད་རུང་། ཨ་རིའི་སྲིད་འཛིན་ཌོ་ནོལ་ཁྲ་རམ་གྱིས་ང་ནི་རང་གི་ལྷན་སྐྱེས་ཀྱི་རིགས་པའི་རྗེས་སུ་འབྲང་བའི་མི་ཞིག་ཡིན། ང་སྲོལ་རྒྱུན་གྱི་ལམ་ལུགས་ཁག་རྩ་འཛིན་བྱེད་མཁན་ཞིག་མིན། ངས་ཧྥི་ལི་ཕིན་གྱི་སྲིད་འཛིན་དྷུ་ཐར་ཏེ་ཕོ་བྲང་དཀར་པོར་གདན་འདྲེན་ཞུས་ཡོད། ད་དུང་ཕྱོགས་གང་ཐད་དུ་ཡུལ་དུས་ལ་འཚམས་པ་ཞིག་བྱུང་ཚེ། ང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་བྱ་རྒྱུ་ཡང་གཟི་བརྗིད་ཅིག་ལ་རྩི་བཞིན་ཡོད་ཅེས་བཤད་མོད། ཡིན་ནའང་ཧྥི་ལི་ཕིན་གྱི་སྲིད་འཛིན་དྷུ་ཐར་ཐེས་ང་ལ་ལས་བྲེལ་ཆེན་པོ་ཡོད། གཅིག་བྱས་ན་ང་ཨ་རིའི་ཕོ་བྲང་དཀར་པོར་ཡོང་ཐུབ་རྒྱུ་མ་རེད་ཅེས་ལན་འདེབས་བྱས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG