ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨཱ་རུ་ནཱ་ཅཱལ་རྒྱ་ནག་དང་ས་འབྲེལ་འཁེལ་གྱི་མེད་ཅེས་སྐུ་རཱའུ་ཡིས་གསུངས་ཡོད་པ།


རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཨཱ་རུ་ནཱ་ཅཱལ་ པར་དྷེཤ་གྱི་ས་ཁུལ་ཁག་དྲུག་ལ་ ཉེ་ཆར་རྒྱ་ནག་གིས་མིང་གསར་པ་བཏགས་ཏེ་ མངའ་སྡེ་དེ་རྒྱ་ནག་རང་ལ་བདག་གི་ཡོད་ཚུལ་གྱི་རྣམ་པ་གསལ་སྟོན་བྱས་པར་ རེ་གཟའ་སྤེན་པའི་ཉིན་ མངའ་སྡེ་དེའི་གཞུང་འཛིན་བྷི་ཇཱེ་པི་ཚོགས་པས་ངོ་རྒོལ་བྱས་ཏེ་ ཨཱ་རུ་ནཱ་ཅཱལ་ པར་དྷེཤ་ནི་ བོད་དང་ས་མཚམས་ས་འབྲེལ་འཁེལ་གྱི་ཡོད་པ་ལས་ རྒྱ་ནག་དང་ས་འབྲེལ་རྩ་ནས་འཁེལ་གྱི་མེད་པ་མ་ཟད་ མངའ་སྡེ་འདི་ནི་ རྒྱ་གར་གྱི་མངའ་ཁོངས་ཡིན་པ་ལས་ རྒྱ་ནག་གི་མཁའ་ཁོངས་རྩ་བ་ནས་མིན་ཞེས་དགག་པ་བརྒྱབས་ཏེ་ངོ་རྒོལ་བྱས་ཡོད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས།

XS
SM
MD
LG