ངོ་འཕྲད་བདེ་བའི་དྲ་འབྲེལ།

ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་སྐོར་གྱི་བརྙན་ཐུང་།


ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༢༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱིས་གར་སོང་ཆ་མེད་དུ་གྱུར་བའི་བོད་ཀྱི་པཎ་ཆེན་རིན་པོ་ཆེ་ཞེས་པའི་དམིགས་བསལ་བརྙན་འཁོར་ཐུང་ཐུང་ཞིག་འགྲེམས་སྤེལ་གནང་འདུག་པ་དང་། བརྙན་ཐུང་དེའི་ནང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་འཛམ་གླིང་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་ཕྱག་ཏུ་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུ་པར་བསྣམས་ཏེ། དགུང་གྲངས་ ༢༨ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་གནང་བ་དང་ཆབས་ཅིག གནས་སྟངས་ཇི་འདྲ་ཞིག་དང་ས་གནས་གང་དུ་བཞུགས་ཡོད་མེད་བཅས་ལ་བློ་ཚབས་གནང་འདུག ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་གསུངས་དོན་ལ་ ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་ཉིན་མོ་དེ་དགའ་སྒོམ་བྱེད་པའི་ཉིན་པོ་ཞིག་ཡིན་ནའང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གསལ་བསྒྲགས་གནང་བའི་སྐྱེས་བུ་དེ་ལོ་དྲུག་ཙམ་ནས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་གང་དུ་བཞུགས་དང་སྐུ་ཁམས་ཀྱི་གནས་སྟངས་སོགས་གང་ཡང་ཤེས་རྟོགས་མེད་པར་གར་སོང་ཆ་མེད་གྱུར་བའི་གནས་སྟངས་དེ་ནི་བློ་ཕམ་བྱེད་པའི་ཉིན་པོ་ཞིག་ཀྱང་རེད་ཅེས་གསུངས་འདུག

XS
SM
MD
LG