ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཨོ་སེ་ཀྲོ་ལ་ཡ་དང་རྒྱ་ནག་བྱང་ཀོ་རི་ཡ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་ནི་བྱང་ཀོ་རི་ཡའི་མནའ་འབྲེལ་རྒྱལ་ཁབ་ཉེ་ཤོས་དེ་ཡིན་པ་བརྟེན་ རྒྱ་ནག་གཞུང་གིས་བྱང་ཀོ་རི་ཡ་ལ་གནོན་ཤུགས་ཆེན་པོ་ཞིག་མ་སྤྲད་བར་ བྱང་ཀོ་རི་ཡའི་སྲིད་དབང་སྒེར་གཅོད་རིང་ལུགས་པ་དེས་ རང་རེའི་རྡུལ་ཕྲན་གྱི་ལས་གཞི་ལས་སླ་པོའི་ཐོག་ནས་དོར་རྒྱུ་མིན་པར་ རྒྱ་ནག་གཞུང་གིས་བྱང་ཀོ་རི་ཡ་ལ་གནོན་ཤུགས་ངེས་པར་དུ་སྤྲོད་དགོས་པའི་ ཨོ་སེ་ཀྲོ་ལ་ཡའི་ཕྱི་སྲིད་བློན་ཆེན་ལྕམས་ཇུ་ལི་བྷི་ཤོབ་ཀྱིས་ འབོད་སྐུལ་གནང་་ཡོད་པ་བཅས་ཀྱི་སྐོར་ རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས་འཕྲིན་ལས་སྙན་གྲགས་ལགས་ཀྱིས་ཕྱོགས་བསྒྲིགས་་དང་སྙན་སྒྲོན་ཞུས་གནང་གི་རེད།

XS
SM
MD
LG