ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༠༨

ཞཱི་དང་ཐུག་འཕྲད་ཀྱི་སྐབས་ཁྲ་རམ་གྱིས་འགྲོ་བ་མིའི་ཐོབ་ཐང་སློང་དགོས་པ་ཡིན་ཞེས་འབོད་བསྐུལ།


ཉིན་ཤས་ཀྱི་ནང་ཨ་མི་རི་ཀའི་སྲིད་འཛིན་ཌོ་ནོལ་ཁྲ་རམ་གྱིས་ ཨ་མི་རི་ཀའི་མངའ་སྡེ་ཕྷི་ལོ་རེ་ཌཱའི་སྤྲོ་སེང་ས་ཁུལ་ཞིག་ཏུ་ རྒྱ་ནག་གི་སྲིད་འཛིན་ཞཱི་ཅིང་ཕིང་དང་ཐུག་འཕྲད་གྲོས་མོལ་བྱ་རྒྱུའི་འཆར་གཞི་ཡོད་པ་དེ་ནི་ རྒྱ་ནག་གཞུང་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཆེས་ཐ་ཞན་ཡིན་པའི་གནད་དོན་གྱི་ཐད་གླེང་སློང་བྱ་རྒྱུའི་གོ་སྐབས་ཧ་ཅང་གི་ཡག་པོ་ཞིག་རེད་ཅེས་ ཨ་མི་རི་ཀའི་གྲོས་ཚོགས་དང་འཛིན་སྐྱོང་ཟུང་འབྲེལ་གྱི་རྒྱ་ནག་ལས་དོན་ལྷན་ཁང་གིས་ སྲིད་འཛིན་ཁྲ་རམ་ལ་ནན་བསྐུལ་གནང་གི་ཡོད་པའི་སྐོར་ རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ།

XS
SM
MD
LG