ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རི་དང་རྒྱ་ནག་གི་ཆེས་མཐོ་འགོ་ཁྲིད་རིམ་པའི་ཐུག་འཕྲད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཕྱི་ཟླ་༤་ཚེས་༦་དང་ཚེས་༧་གཉིས་ལ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གཉིས་ཐུག་འཕྲད་བྱས་ཏེ། ཁོ་ཚོས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་དང་ཕྱོགས་གཉིས་ཀྱི་ཚོང་ལས་ཆ་མཉམ་མེད་པའི་དཀའ་ངལ། ལྷོ་རྒྱ་ནག་རྒྱ་མཚོའི་ནང་གི་མངའ་ཁོངས་བདག་རྩོད་ཀྱི་འགལ་ཟླ་དང་། ཐེ་ཝན་དང་བོད་དོན་སོགས་གནད་དོན་སྣ་མང་ཞིག་ལ་གྲོས་མོལ་གནང་འཆར་ཡོད་ཅིང་། སྲིད་འཛིན་རྣམ་གཉིས་ཧྥུ་ལོ་རི་ཌ་མངའ་སྡེའི་མ་ར་ལོ་གྷོ་སྤྲོ་སྐྱིད་ཁང་དུ་ཐུག་འཕྲད་བྱེད་ཀྱི་ཡོད་པ་དང་། མ་ར་ལ་གྷོ་སྤྲོ་སྐྱིད་ཁང་སྲིད་འཛིན་ཌོ་ནལ་ཊམ་གྱི་སྒེར་ཁང་ཞིག་ཡིན་པས། རྒྱ་ནག་དང་ཨ་མི་རི་ཀས་ཞིས་ཅིན་ཕིན་དང་ཌོ་ནལ་ཊམ་གྱི་ཐུག་འཕྲད་གྲོས་མོལ་ཐེངས་དང་པོར་གྲུབ་འབྲས་ཆེན་པོ་ཞིག་འཐོན་ཐུབ་པའི་རེ་བ་འཆང་གི་མེད་པ་དང་། བདུན་ཕྲག་སྔོན་མར་ཌོ་ནལ་ཊམ་གྱིས་ཞིས་ཅིན་ཕིང་ལ་ཐུག་འཕྲད་གྲོལ་མོལ་བྱ་འཆར་ཡོད་པ་དེར་གྲུབ་འབྲས་འཐོན་རྒྱུ་ཧ་ཅང་ཁག་པོ་ཡིན་སྲིད། ཡིན་ནའང་ང་ཚོས་གནད་དོན་ཚབས་ཆེན་ཁག་ཅིག་ལ་གྲོས་མོལ་བྱ་འཆར་ཡོད་ཅེས་འཕྲུལ་སྒྲའི་ནང་དུ་འཕྲིན་ཐུང་ཞིག་སྤེལ་ཏེ། ཁོང་གིས་རྒྱ་ནག་དང་ཨ་མི་རི་ཀའི་ཚོང་ལས་ཆ་མཉམ་མེད་པ་དང་། ཨ་མི་རི་ཀར་དཔལ་འབྱོར་དང་ཚོང་ལས་ཀྱི་གྱོང་གུད་ཆེན་པོ་རེག་གི་ཡོད་པ་གླེང་སློང་བྱ་རྒྱུའི་བརྡ་ཞིག་བཏང་འདུག

XS
SM
MD
LG