ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རི་དང་བྱང་ཀོ་རི་ཡ། རྒྱ་ནག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

གཟའ་འཁོར་འདིར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིན་ཨ་མི་རི་ཀར་འཚམས་འདྲིར་ཕེབས་ཏེ། ཁོང་གིས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་ལ་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་ཅིང་། ཞིས་ཅིན་ཕིང་གི་འཚམས་འདྲིའི་གོང་དེར་ཌོ་ནལ་ཊམ་གྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་བར་རྒྱ་ནག་གིས་རྒྱབ་སྐྱོར་བྱེད་ན་ཕན་ཐོགས་འབྱུང་ངེས་ཡིན། གལ་ཏེ་རྒྱ་ནག་གིས་རྒྱབ་སྐྱོར་མ་བྱས་ཀྱང་ཨ་མི་རི་ཀ་གཅིག་པུས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་ཡིན་ཞེས་བཀའ་མོལ་མཁྲེགས་པོ་གསུངས་འདུག ཁོང་གི་བཀའ་མོལ་མཁྲེགས་པོ་དེ་རྒྱ་ནག་ལ་གནོན་ཤུགས་སྤྲོད་པའི་ཆེད་དུ་གསུངས་པ་ཡིན་ནམ། ཡང་ན་ཨ་མི་རི་ཀས་ང་མོར་བྱང་ཀོ་རི་ཡར་ཕར་རྒོལ་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པའི་སྔོན་བརྡ་བཏང་བ་ཡིན་མིན་ཐད་དུ་ཉམས་ཞིབ་པ་ཚོས་དཔྱད་ཞིབ་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་པ་དང་། ཁ་སང་གཟའ་ཉི་མར་དབྱིན་ཇིའི་ནོར་སྲིད་དུས་བབ་ཚགས་པར་གྱིས་ཌོ་ནལ་ཊམ་ལ་བཅར་འདྲི་ཞུས་ཏེ། ཁོང་གིས་བྱང་ཀོ་རི་ཡར་རྒྱ་ནག་གིས་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་ཡོད། བྱང་ཀོ་རི་ཡས་འཕེན་ཕོག་མེ་ཤུགས་འཕུར་མདེལ་ཡར་རྒྱས་གཏོང་གི་ཡོད་པར་རྒྱ་ནག་གིས་བཀག་འགོག་མ་བྱས་ན་སུ་གཅིག་ལའང་ཡག་ག་ཞིག་ཡོང་མི་སྲིད་ཅེས་བཤད་ཡོད་པ་རེད།།

XS
SM
MD
LG