ངོ་འཕྲད་བདེ་བའི་དྲ་འབྲེལ།


ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཨེ་ཤི་ཡའི་མཐུན་གྲོགས་རྒྱལ་ཁབ་ཁག་ཅིག་ལ་འཚམས་འདྲིར་ཕེབས་ཡོད་ཅིང་། དེ་རིང་གཟའ་ཕུར་བུའི་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་གཉིས་ཀྱིས་མཉམ་འབྲེལ་གསར་འགོད་ལྷན་ཚོགས་ཤིག་སྐོང་སྟེ། ཕྱི་སྲིད་དྲུང་ཆེ་ཊི་ལར་སན་གྱིས་ང་ཉི་ཧོང་དང་ལྷོ་ཀོ་རི་ཡ། རྒྱ་ནག་བཅས་ལ་ཡོང་དོན་གཙོ་བོ་ཕན་ཚུན་བསམ་ཚུལ་བཤད་ཉན་བྱེད་པའི་ཆེད་དུ་ཡིན། བྱང་ཀོ་རི་ཡ་དང་རྒྱལ་ཁབ་དེའི་མི་དམངས་རྣམས་རང་གི་ཁྱིམ་མཚེས་རྒྱལ་ཁབ་ཁག་གམ། ཡང་ན་ཨ་མི་རི་ཀ་བཅས་ལ་སྐྲག་དགོས་དོན་མེད། ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་མངོན་འདོད་ངོ་མ་ནི་བྱང་ཀོ་རི་ཡ་དང་མཉམ་དུ་ཞི་བདེ་མཉམ་གནས་བྱ་རྒྱུ་དེ་ཡིན། ང་ཚོས་ཀུན་སློང་འདི་འདྲ་ཞིག་བཅངས་ནས་བྱང་ཀོ་རི་ཡར་རྡུལ་ཕྲན་མཚོན་ཆ་བཟོ་རྒྱུ་དང་། འཕེན་ཕོག་མེ་ཤུགས་འཕུར་མདེལ་བཟོ་རྒྱུ་མཚམས་འཇོག་བྱ་དགོས། ཁོ་ཚོས་འཁྲུག་རྩོད་སློང་རྒྱུ་ཇེ་མང་དུ་འགྲོ་བཞིན་པར་འཛེམ་ཟོན་བྱ་དགོས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཡིན་ནའང་ཨ་མི་རི་ཀས་རང་གི་མཐུན་གྲོགས་རྒྱལ་ཁབ་ཉི་ཧོང་སོགས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་དགོས་པ་དེར་འགྱུར་བ་མེད་ཅེས་ནན་བརྗོད་བྱས་འདུག

XS
SM
MD
LG