ངོ་འཕྲད་བདེ་བའི་དྲ་འབྲེལ།


བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་གཉིས་ཀྱིས་ཞི་བའི་ངོ་རྒོལ་བྱེད་སྐབས་བཙན་ཁྲིད་བྱས་པའི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་བརྗོད་པ། རྔ་པའི་ཡུལ་དུ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པས། གནས་ཚུལ་དེ་གང་ཡང་མ་བྱུང་བ་ལྟ་བུའི་རྣམ་པ་ཡོད་འདུག གཞན་ཡང་ཉེ་ཆར་ཞི་བའི་སྐད་འབོད་གནང་མཁན་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ཚུལ་ཁྲིམས་ལགས་ཉེན་རྟོག་པས་བཙན་ཁྲིད་བྱེད་བཞིན་པ་བརྙན་པར་ལེན་མཁན་བུད་མེད་ཅིག་འཛིན་བཟུང་བྱས་ཡོད་འདུག ཉམས་ཞིབ་པ་ཚོས་བརྗོད་ན་ད་ལྟ་བོད་ནང་དུ་དམ་དྲག་ཇེ་ཆེར་འགྲོ་བཞིན་པ་དང་བརྡ་འཕྲིན་ནང་དུ་ཡང་དོ་དམ་བྱེད་ཤུགས་ཆེན་རུ་བཏང་ཡོད་པས། མ་འོངས་པར་བོད་ནང་གི་གནས་ཚུལ་ཤེས་རྟོགས་བྱ་རྒྱུ་ཁག་པོར་འགྱུར་རྒྱུ་ཡིན་པ་རེད།

XS
SM
MD
LG