ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཉི་འོང་དང་ལྷོ་ཀོ་རི་ཡ། རྒྱ་ནག་བཅས་ལ་གཟིགས་བསྐོར་གནང་རྒྱུ་ཡིན་པ།



ཨ་རིའི་ཕྱི་སྲིད་དྲུང་ཆེ་རེཀྶ་ ཀྲེ་ལན་སོན་གཟའ་འཁོར་འདིར་ཉི་འོང་དང་ལྷོ་ཀོ་རི་ཡ། རྒྱ་ནག་བཅས་ལ་གཟིགས་བསྐོར་གནང་རྒྱུ་ཡིན་པ་དང་། ལྷོ་ཀོ་རི་ཡའི་ནང་ཆབ་སྲིད་དབུ་ཁྲིད་ལ་འཕོ་འགྱུར་སོང་བ་དང་། མེ་ཤུགས་འཕུར་མདེལ་འགོག་སྲུང་འཕྲུལ་འཁོར་དང་འབྲེལ་ནས་རྒྱ་ནག་དང་འཁོན་འཛིནཆེ་རུ་འགྲོ་བཞིན་པ་བཅས་ཀྱི་དུས་སྐབས་འདིར་ཨ་རིའི་ཕྱི་འབྲེལ་མི་སྣ་མཐོ་ཤོས་དེས་རྒྱལ་ཁབ་དེ་དག་ལ་གཟིགས་བསྐོར་དང་པོ་གནང་གི་ཡོད་པ་རེད། བྱང་ཀོ་རི་ཡས་ཉི་འོང་རྒྱ་མཚོའི་ནང་རྡུལ་ཕྲན་མེ་ཤུགས་འཕུར་མདེལ་བཞིས་ཚོད་ལྟ་བྱས་པ་དེ་ནི་མངའ་ཁུལ་ནང་བདེ་འཇགས་དང་སྲུང་སྐྱོབ་ལ་བློ་ཚབ་བྱེད་དགོས་པའི་གནད་དོན་གསར་པ་ཞིག་ཡིན་པ་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མརཀ ཀྲོན་ནར་གྱིས་འགྲེལ་བརྗོད་བྱས་དོན་ལ་གཞིགས་ན་བྱང་ཀོ་རི་ཡའི་རྡུལ་ཕྲན་དང་མེ་ཤུགས་འཕུར་མདེལ་གྱི་གནད་དོན་དེ་ནི་ཕྱི་སྲིད་དྲུང་ཆེ་ཀྲི་ལན་སན་གྱི་བཀའ་མོལ་གནང་རྒྱུའི་གནད་དོན་གཙོ་བོ་གཅིག་ཆགས་རྒྱུ་ཡིན་པ་རེད། ཨ་རིའི་ཕྱི་སྲིད་དྲུང་ཆེ་རེཀྶ་ ཀྲེ་ལན་སོན་རྒྱ་ནག་ལ་གཟིགས་བསྐོར་གནང་སྐབས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་པིན་དང་ཐུག་འཕྲད་གནང་ནས་ད་ལོའི་ལོ་མཇུག་ཏུ་རྒྱ་ནག་གི་སྲིད་འཛིན་ཨ་རིའི་ནང་གཟིགས་བསྐོར་གནང་འཆར་ཡོད་པ་དེའི་སྐོར་ལ་བཀའ་བསྡུར་གནང་འཆར་ཡོད་པ་རེད།

XS
SM
MD
LG