ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གཞུང་གིས་དགེ་འདུན་པ་དང་བཙུན་མ་ཁག་ཅིག་ལ་རྒྱལ་གཅེས་པ་ཡིན་པའི་བྱ་དགའ་སྤྲད་ཡོད་པ།



མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་བཅུག་པའི་བོད་མདོ་སྨད་རེབ་གོང་ཁུལ་དུ་ རྒྱ་ནག་གཞུང་གི་འགོ་ཁྲིད་མི་སྣས་དགོན་པ་ཁག་གི་འཐུས་མིའི་ཚོགས་ཆེན་ཞིག་བསྡུ་བསྐོང་བྱས་ཏེ་ ཚོགས་ཆེན་དེར་ཞུགས་པའི་དགོན་པའི་འཐུས་མི་དགེ་འདུན་པ་དང་བཙུན་མ་རྣམས་ལ་ རྒྱལ་ཁབ་དང་ ཏང་ལ་དགའ་བའི་མི་སྣ་རེད་ཟེར་བའི་མིང་བཏགས་ཏེ་ བྱ་དགའ་རྒྱ་སྒོར་སྟོང་ཕྲག་མང་པོ་སྤྲད་ཡོད་པ་དང་ དེ་བཞིན་ དགོན་པ་སོ་སོ་ལའང་དེ་མཚུངས་ཀྱི་ཆེ་བསྟོད་བྱས་ཏེ་བྱ་དགའ་སྤྲད་ཡདོ་པ་རེད་ འདི་ནི་ རིང་མིན་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་སླེབས་ཉེར་ཡོད་སྟབས་ དེའི་རིང་ལ་ངོ་རྒོལ་གྱི་ལས་འགུལ་རིགས་མི་འབྱུང་སྔོན་འགོག་བྱ་རྒྱུའི་ཐབས་བྱུས་ཤིག་ཡིན་པར་་ས་གནས་ཀྱི་བོད་མིས་ངོས་འཛིན་བྱེད་ཀྱི་ཡོད་པའི་སྐོར།

XS
SM
MD
LG