ངོ་འཕྲད་བདེ་བའི་དྲ་འབྲེལ།


དེང་སྐབས་རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་དང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་འཁོར་ཚོགས་ཆེན་གཉིས་ཚོགས་ཡོད་པ་དང་། རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཟུར་པ་དང་ཆབ་སྲིད་གྲོས་ཚོགས་ཀྱི་འཐུས་མི་ཡུའི་ཧོང་ཅུན་གྱིས་ཚོགས་ཆུང་ཞིག་ཏུ་གཏམ་བཤད་བྱས་པ་ལྟར་ན། ད་ལྟ་རྒྱ་ནག་དབུས་གཞུང་དང་ཧོང་ཀོང་དམིགས་བསལ་ས་ཁུལ་ཟུང་གཉིས་མོས་ཀྱི་ལམ་ནས་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ལ་སྒྱུར་བཅོས་བཏང་སྟེ། ཧོང་ཀོང་མི་དམངས་ཀྱིས་རྒྱ་ནག་དབུས་གཞུང་ལ་དཔྱ་ཁྲལ་འཇལ་དགོས་མིན་དང་། ཧོང་ཀོང་བ་ཚོ་མི་དམངས་བཅིངས་འགྲོལ་དམག་གི་ཁོངས་སུ་ཞུགས་དགོས་མིན་ལ་བསམ་གཞིག་དང་གྲོས་བསྡུར་བྱེད་པའི་དུས་སུ་བབས་ཡོད། ཧོང་ཀོང་རྒྱ་ནག་གིས་རྩིས་བླངས་ནས་ལོ་༢༠་འགྲོ་བཞིན་ཡོད་ཅིང་། རྒྱ་ནག་གི་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་འདུའི་གྲོས་གཞིའི་ཁོངས་སུ་ཧོང་ཀོང་གི་གཞི་རྩའི་བཅའ་ཁྲིམས་ལ་སྒྱུར་བཅོས་གཏོང་དགོས་མིན་འདུ་དགོས། འདི་ནི་གནད་དོན་གལ་ཆེན་ཞིག་ཡིན་པ་དང་། ང་ཚོས་ཕྱོགས་ཁག་ཚར་མར་གྲོས་བསྡུར་ལྷུག་བྱས་ནས་ཐག་གཅོད་པ་དགོས། འཇིག་རྟེན་འདིར་སྒྱུར་བཅོས་མ་བཏང་བར་རང་སོར་གནས་ཡོད་པ་ཅི་ཡང་མེད། ང་ཚོས་འདི་ལ་བསམ་བློ་བཏང་ནས་ཡར་རྒྱས་གཏོང་དགོས་ཞེས་གཏམ་བཤད་བྱས་འདུག

XS
SM
MD
LG