ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

རྒྱ་ནག་གི་རྡིག་བསྐུལ་ལ་ང་ཚོས་འགོག་རྒོལ་ངེས་པར་དུ་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ཞེས་ན།



རྒྱ་གར་གྱི་ཚགས་པར་ཞིག་གི་ཆེད་བརྗོད་ཀྱི་ནང་ རྒྱ་ནག་གཞུང་གིས་རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཨཱ་རུ་ནཱ་ཅལ་ པར་དྷེཤ་གྱི་བདག་དབང་རང་ལ་ཡོད་ཚུལ་རྩོད་གླེང་བྱས་ཏེ་ དེའི་ནང་རྒྱ་གར་གྱི་གཞུང་འབྲེལ་མི་སྣ་འཚམས་འདྲིར་ཕེབས་རྒྱུར་ངོ་རྒོལ་བྱེད་ཀྱི་ཡོད་པ་མ་ཟད་ བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དེ་གར་ཕེབས་འཐུས་ཆོག་པའི་ཆོག་མཆན་ཕུལ་བར་ཡང་ངོ་རྒོལ་བྱེད་ཀྱི་ཡོད་པས་ རྒྱ་གར་གྱི་གཞུང་དམངས་གཉིས་ཀས་རྒྱ་ནག་གི་ངོ་རྒོལ་དང་རྡིག་བསྐུལ་བརྩི་མེད་དུ་བཏང་སྟེ་ མངའ་སྡེ་དེའི་ནང་རང་གི་ལས་དོན་བྱེད་སྒོ་ཁག་འཆར་གཞི་ལྟར་གྲུབ་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་ཞེས་བརྗོད་ཡོད་པའི་སྐོར།

XS
SM
MD
LG