ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིའི་ཕྱི་སྲིད་ཁང་གིས་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་མངོན་གསལ་མེད་པའི་ཐོག་ནས་བཏོན་པ།



ཨ་མི་རི་ཀའི་ཕྱི་སྲིད་ཁང་གིས་འཛམ་གླིང་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཞིབ་འཇུག་བྱས་པའི་ལོ་འཁོར་སྙན་ཐོ་དེ་བཞིན་ རེས་གཟའ་པ་སངས་ཉིན་བཏོན་ཡོད་ཀྱང་ རྣམ་ཀུན་ཡིན་ན་ ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་རང་དངོས་སུ་ཐོན་ཏེ་སྙན་ཐོ་དེའི་ནང་དོན་གལ་ཆེ་འགའ་ཞིག་འགྲེལ་བརྗོད་གནང་བའི་ཐོག་ནས་སྙན་ཐོ་དེ་བཏོན་པའི་གསལ་བསྒྲགས་གནང་གི་ཡོད་ཀྱང་ ད་རེས་དེ་འདྲ་གང་ཡང་མེད་པར་ ཁ་ཁུ་སིམ་པོར་མངོན་གསལ་མེད་པའི་ཐོག་ནས་སྙན་ཐོ་དེ་བཏོན་ཡོད་པ་རེད་ འདི་ནི་འདས་པའི་ཕྱི་སྲིད་དྲུང་ཆེ་རིམ་པས་གནང་ཕྱོགས་དང་གཏན་ནས་མ་མཚུངས་པ་ཞིག་ཡིན་པ་ཟད་ འདིའི་ཐོག་ནས་ཨ་མི་རི་ཀའི་སྲིད་གཞུང་འདིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གལ་ཆེར་ངོས་འཛིན་བྱེད་ཀྱི་མེད་པའི་སྣང་ཚུལ་ངན་པ་ཞིག་ཀྱང་འབྱུང་སྲིད་པར་བརྟེན་ ཕྱི་སྲིད་དྲུང་ཆེ་ཊི་ལར་སཱན་གྱི་ཐག་གཅོད་འདི་ལ་ འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་རྣམས་ཀྱིས་སྐྱོན་བརྗོད་ཤུགས་ཆེ་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG