ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བྱང་ཀོ་རི་ཡས་འཕུར་མདེལ་ཚོད་ལྟ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


དེ་རིང་ཕྱི་ཟླ་༣་ཚེས་༦་ཉིན་བྱང་ཀོ་རི་ཡས་ཉི་ཧོང་གི་ནུབ་བྱང་མཚམས་ཀྱི་མཚོ་ནང་དུ་མེ་ཤུགས་འཕུར་མདེལ་༤་འཕངས་ཏེ། བྱང་ཀོ་རི་ཡའི་མེ་ཤུགས་འཕུར་མདེལ་གྱི་སྟོབས་ཤུགས་ཡར་རྒྱས་གཏོང་གི་ཡོད་པ་དང་། ལྷོ་ཀོ་རི་ཡའི་གཞུང་གིས་འཕུར་མདེལ་དེ་དག་རྒྱང་ཐག་སྤྱི་ལོ་སྟོང་ཚོ་༡་ཡས་མས་དང་མཐོ་ཚད་སྤྱི་ལེ་༢༦༠་ལས་བསྙོབས་མེད་ཅིང་། འཕུར་མདེལ་དེ་དག་གླིང་ཆེན་སྙོབ་པའི་མེ་ཤུགས་འཕུར་མདེལ་ཡིན་པའི་རྟགས་མཚན་ཡང་ཐོན་མ་སོང་ཞེས་བཤད་པ་དང་། ཉི་ཧོང་གཞུང་གིས་བྱང་ཀོ་རི་ཡའི་འཕུར་མདེལ་དེ་རྣམས་ཉི་ཧོང་གི་དཔལ་འབྱོར་ཐོན་སྐྱེད་འདོན་ཡུལ་དམིགས་བསལ་ས་ཁུལ་དུ་ལྷུང་སོང་ཞེས་བཤད་འདུག བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་པར་ཉི་ཧོང་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་ཁ་རྡུང་དྲག་པོ་བཏང་སྟེ། བྱང་ཀོ་རི་ཡས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་སྔ་རྗེས་ཁག་ལ་རྩིས་མེད་རྡོག་རྫི་བཏང་སོང་ཞེས་སྐྱོན་བརྗོད་བྱས་པ་དང་། ཨ་མི་རི་ཀའི་གཞུང་གིས་བྱང་ཀོ་རི་ཡའི་ཉེན་ཀ་ཇེ་ཆེར་འགྲོ་བཞིན་པ་དེར་ཐབས་ཤེས་གང་ཡོད་ཀྱིས་ཁ་གཏད་གཅོག་ཐབས་བྱེད་བཞིན་ཡོད་ཅེས་བཤད་འདུག

XS
SM
MD
LG