ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་ཟླ་བ་རྗེས་མར་ཨ་རུ་ནལ་ཅལ་མངའ་སྡེར་ཆིབས་སྒྱུར་མཛད་རྒྱུ་ཡིན་པ།



རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཨ་རུ་ནལ་ཅལ་ པར་དེཤ་གཞུང་གིས་གདན་ཞུ་གསོལ་འདེབས་ཞུས་པ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་རྗེས་མའི་ཚེས་༤ ནས་མངའ་སྡེ་དེར་ཆིབས་སྒྱུར་མཛད་གཏན་འཁེལ་འདུག་པ་དང་། གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་བླ་མ་ངག་དབང་ནོར་བུ་ལགས་ཀྱིས་གསུངས་དོན་ལ་ སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མོན་རྟ་དབང་གཙོས་མངའ་སྡེ་དེའི་གྲོང་ཁྱེར་ཆེ་ཁག་བཞི་ལ་ཆིབས་སྒྱུར་མཛད་དེ་ཆོས་འབྲེལ་དང་མང་ཚོགས་ལ་བཀའ་སློབ་བཅས་གནང་རྒྱུའི་མཛད་འཆར་ཡོད་རེད་ཅེས་གསུངས་ཀྱི་འདུག རྒྱ་གར་གྱི་ནང་སྲིད་བློན་ཆེན་གཞོན་པ་ཀི་རན་ རེ་ཇུ་མངའ་སྡེ་དེ་ནས་ཡིན་པ་དང་། ཁོང་གིས་གསར་འགོད་པར་གསུངས་དོན་ལ་ མངའ་སྡེའི་ནང་པའི་སློབ་མ་ཚོས་༧གོང་ས་མཆོག་གདན་ཞུ་བྱེད་པར་རེ་འདུན་ཆེན་པོ་བྱེད་ཀྱི་ཡོད་པ་དང་། མངའ་སྡེ་གཞུང་དང་དབུས་གཞུང་གིས་མི་མང་གི་རེ་འདོད་བཞིན་ཆིབས་སྒྱུར་གྱི་གོ་སྒྲིག་རྒྱས་པར་ཞུ་རྒྱུ་རེད་ཅེས་གསུངས་འདུག

XS
SM
MD
LG