ངོ་འཕྲད་བདེ་བའི་དྲ་འབྲེལ།

སྲིད་འཛིན་ཁྲ་རམ་གྱིས་གྲོས་ཚོགས་འཐུས་མི་རྒྱས་འཛོམས་ལ་གསུང་བཤད་དང་པོ་གནང་བ།



སྲིད་འཛིན་ཌོ་ནོལ་ཁྲ་རམ་གྱིས་་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་རྒྱས་འཛོམས་ལ་གཏམ་བཤད་གནང་བ་དེ་བདུན་ཕྲག་དྲུག་གོང་ལས་འཁུར་དམ་འབུལ་གྱི་གཏམ་བཤད་ལས་བཟང་ཙམ་གྱི་རྣམ་འགྱུར་བྱུང་ཡོད་པ་དང་། ཁོང་གིས་ད་ཆ་ནི་གནས་ཚུལ་ཆུང་ཆུང་ལ་བསམ་བློ་གཏོང་རྒྱུའི་དུས་ཚོད་མིན་པ་དང་གལ་གནད་མེད་པའི་རྩོད་པ་བརྒྱག་རྒྱུའི་དུས་ཚོད་མ་རེད་ཅེས་གསུངས་འདུག སྲིད་འཛིན་ཁྲ་རམ་གྱིས་གསུང་བཤད་ནང་གལ་ཆེའི་སྲིད་བྱུས་དང་ལས་འཆར་ངོ་སྤྲོད་གནང་སྐབས་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་མཛའ་སེམས་ལྡན་པའི་དགའ་བསུ་ཡང་ཡང་བྱས་འདུག་ཀྱང་། མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་འཇམ་མཁས་ཀྱི་དགའ་བསུ་ཞུས་འདུག ཡང་གསུང་བཤད་ལ་སྐྱོན་བརྗོད་བྱེད་མཁན་ཚོས་སྲིད་འཛིན་ཁྲ་རམ་གྱི་གསུང་བཤད་ནང་སྲིད་བྱུས་ངོ་སྤྲོད་གནང་བ་རྣམས་ལ་གསལ་བཤད་ཞིབ་ཕྲ་མི་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་། ཀན་ཌ་ཀི་མངའ་སྡེའི་སྲིད་སྐྱོང་ཟུར་པ་སི་ཀྲིཝ་ བྷ་ཤར་གྱིས་མང་གཙོ་ཚོགས་པའི་ཚབ་གནང་ནས་སྲིན་འཛིན་གྱི་གཏམ་བཤད་ལ་དགག་ལན་གནང་ནས་སྲིད་འཛིན་ཁྲ་རམ་གྱིས་ཨོ་བྷ་མ་འཕྲོད་བསྟེན་ལྟ་སྐྱོང་ལས་འཆར་མེད་པར་བཟོ་བའི་སྲིད་བྱུས་དང་ཕྱི་མི་གཞིས་ཆགས་ལ་བཀག་རྒྱ་གནང་བ་བཅས་ལ་སྐྱོན་བརྗོད་གནང་འདུག

XS
SM
MD
LG