ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

༢༠༡༦ལོ་ནི་འཛམ་གླིང་འདིར་མུན་ནག་གི་དུས་སྐབས་ཤིག་ཆགས་ཡོད་ཅེས་ཉེས་ཡང་ཚོགས་པས་འགྲེལ་བརྗོད།


རྒྱལ་སྤྱིའི་ཉེས་ཡང་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ འཛམ་གླིང་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཞིབ་འཇུག་བྱས་པའི་སྙན་ཐོ་གསར་པ་ཞིག་བཏོན་ཡོད་པ་དེའི་ནང་ ཕྱི་ལོ་༢༠༡༦ལོ་དེ་ནི་འཛམ་གླིང་ཁྱོན་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་ལ་གནོད་སྐྱོན་ཆེ་བའི་ལོ་ཞིག་ཏུ་གྱུར་ཏེ་ འཛམ་གླིང་གི་ས་ཕྱོགས་གང་སར་ དམག་ཐོག་ནག་ཉེས་བསགས་པའི་གནས་ཚུལ་དང་ སྐྱབ་བཅོལ་བར་མཐོང་ཆུང་ཕོག་པའི་གནས་ཚུལ་སོགས་ ཡིད་རྨུགས་སྐྱེ་དགོས་པའི་གནས་ཚུལ་གཅིག་མཇུག་གཉིས་མཐུད་དུ་བྱུང་ཡོད་ཅེས་བརྗོད་ཡོད་པའི་སྐོར་ རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས།

XS
SM
MD
LG