ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་ཎིའུ་ཡོཀ་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་བོད་ཀྱི་ཐེབས་རྩ་ཁང་གིས་བོད་ཀྱི་གནམ་ལོ་གསར་ཚེས་ལ་དགའ་སྟོན་བྱས་ཡོད་པ་དང་། ད་ལོའི་བོད་ཀྱི་ལོ་སར་གྱི་དགའ་སྟོན་དེར་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་དང་བོད་ཀྱི་ཐེབས་རྩ་ཁང་གི་སྦྱིན་བདག་རྣམ་པ། ཨ་མི་རི་ཀའི་བོད་དོན་རྒྱབ་སྐྱོར་པ་བཅས་མི་ཚོགས་ཆེན་པོ་ཞིག་འཛོམས་ཡོད་པ་མ་ཟད། འདས་པའི་ལོ་གསུམ་གྱི་རིང་ལ་ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་གིས་བོད་པའི་ལོ་གསར་ཆེད་དུ་དགའ་སྟོན་ཚུགས་ཡོད་པའི་སྐོར། ཨ་རིའི་ཎིའུ་ཡོཀ་གྲོང་ཁྱེར་ནས་ང་ཚོའི་གསར་འགྱུར་མཁོ་གཏོང་བ་རྣམ་རྒྱལ་ལྷ་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།

XS
SM
MD
LG