ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཞིན་ཅང་གི་འཇིགས་སྐུལ་རྩིས་སྤྲོད་པར་རྒྱ་གཞུང་གིས་བྱ་དགའ་སྤྲོད་རྒྱུ།



ཉེ་བའི་ལོ་ཤས་ཤིག་ནས་ཞིན་ཅང་གི་ས་གནས་ཁག་ཏུ་རྒྱ་མི་རིགས་དང་ཡུ་གུར་མི་རིགས་ཀྱི་འགའ་ཟླ་ཆེ་རུ་སོང་སྟེ། ཡུ་གུར་པ་དང་རྒྱ་ནག་པ་བཅས་ཕྱོགས་གཉིས་ཀྱི་མི་མང་བརྒྱ་ཕྲག་མང་པོར་སྲོག་སྐྱོན་བྱུང་བ་དང་། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་པ་ཚོ་འཛིན་བཟུང་འཛིན་དང་བཙོན་འཇུག ཡུ་གུར་པ་ཁག་ཅིག་ལ་སྲོག་ཁྲིམས་ནས་ཚེ་བཙོན་སོགས་ཀྱི་བཙོན་འཇུག་གི་ཁྲིམས་ཐག་གཅོད་ཀྱི་ཡོད་རུང་ཡུ་གུར་པ་ཚོས་རྒྱ་ནག་གི་དབང་སྒྱུར་ལ་དངོས་ཤུགས་བརྒྱུད་གསུམ་ནས་ངོ་རྒོལ་བྱ་རྒྱུ་མཚམས་ཆད་ཀྱི་མེད་ཅིང་། དེ་ཡང་ཕྱི་ཟླ་༢་ཚེས་༢༡་ཉིན་ཞིན་ཅང་གི་ཧོ་ཏན་ཉིན་རེའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན་མི་སུ་ཞིག་གིས་ཞིན་ཅང་གི་ས་གནས་ཁག་ཏུ་འཇིགས་སྐུལ་རིང་ལུགས་པ་དང་ཁ་བྲལ་རིང་ལུགས་པ། ཆོས་ལུགས་ཀྱི་མཐའ་ལྷུང་རིང་ལུགས་པ་ཚོས་མི་ཚོགས་ཆེ་ས་དང་གཞུང་གི་ལས་ཁུངས་ཁག རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་འཛུགས་ཁག་ལ་གཏོར་རྒོལ་བྱ་རྒྱུའི་ངན་ཇུས་གཤོམ་གྱི་ཡོད་པ་དང་། འཇིག་སྐུལ་རིང་ལུགས་པ་ཚོ་ཁྲིམས་འགལ་གྱིས་རྒྱལ་མཚམས་བརྒལ་ནས་ཕར་ཚུར་འགྲོ་འོང་བྱེད་པ། མི་གང་ཞིག་གིས་མེ་མདའ་ཚོང་འགྲེམ་དང་མི་ཚོགས་ལ་ཟིང་འཁྲུག་སློང་དགོས་པའི་ངན་སྐུལ་བྱེད་ཀྱི་ཡོད་པའི་གནས་ཚུལ་མཁོ་སྤྲོད་བྱེད་ཚེ། རྒྱ་ནག་གཞུང་གིས་གནས་ཚུལ་མཁོ་སྤྲོད་པ་དེར་མི་དམངས་ཤོག་སྒོར་ས་ཡ་༥་ཡས་མས་རེའི་བྱ་དགའ་སྤྲོད་རྒྱུ་དང་། གསང་བའི་གནས་ཚུལ་མཁོ་སྤྲོད་པ་དེ་སུ་ཡིན་མིན་ཕྱིར་བསྒྲགས་མི་བྱེད་པར་གསང་བ་བྱ་རྒྱུ། མི་དེའི་བདེ་འཇགས་ལ་རྒྱ་ནག་གཞུང་གིས་མཐའ་གཅིག་ཏུ་འགན་ལེན་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་པ་མ་ཟད། ཧོ་ཏན་ཉིན་རེའི་ཚགས་པར་གྱི་གཤམ་དེར་ཞིན་ཅང་གི་ན་གཞོན་ཚོས་གདོང་པ་བཀབ་པ་དང་མགོ་རས་གྱོན་པ། རྒྱ་བཞག་ནས་ཁ་སྤུ་རིང་པོ་སྐྱེ་རུ་བཅུག་པ་དང་ཆོས་ལུགས་པའི་རྟགས་མཚན་འཛིན་པ། མི་གང་ཞིག་ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་པར་གྱུར་ཡོད་པའི་རྣམ་པ་ཐོན་པ། མི་དེའི་རིགས་རྣམས་རྩིས་སྤྲོད་བྱེད་མཁན་ཚོར་རྒྱ་ནག་གཞུང་གིས་མི་དམངས་ཤོག་སྒོར་༢༠༠༠་རེ་བྱ་དགའ་སྤྲོད་རྒྱུ་ཡིན་ཞེས་བཀོད་འདུག

XS
SM
MD
LG