བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་བཞེས་ལྟར་ཁེ་ན་ཌའི་སྲིད་གཞུང་གིས་རྒྱ་གར་ཤར་ཕྱོགས་བོད་མིའི་གཞིས་སྒར་ཁག་ནས་བོད་མི་༡༠༠༠ཐམ་པ་ལེན་རྒྱུ་ཁས་ལེན་བྱས་པ་ལྟར། ད་ཆ་བོད་མི་༩༠༠ལྷག་འབྱོར་ཟིན་ཡོད་པ་ཚོས་ཁེ་ན་ཌའི་ས་གནས་འདྲ་མིན་ནང་འཚོ་བའི་ཐབས་ལམ་དང་། གོ་སྐབས་གསར་པ་ཞིག་འཚོལ་བཞིན་ཡོད་འདུག་པ་དང་། དེ་རིང་ང་ཚོས་གསར་དུ་འབྱོར་བའི་གྲས་ནས་ ཁེ་ན་ཌའི་གྲོང་ཁྱེར་ཝེན་ཀུ་ཝར་ནང་ཡོད་པའི་ས་གནས་བོད་མི་དང་ཆོས་ཚོགས་སོགས་ནས་གསར་དུ་འབྱོར་བའི་བོད་མི་ཚོར་མཐུན་འགྱུར་རོགས་བྱེད་སྟངས་སྐོར་ཝེན་ཀུ་བར་ས་གནས་བོད་མིའི་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་བསྟན་འཛིན་འགྱུར་མེད་ལུགས་སུ་གནས་འདྲི་ཞུས་པ་དེ་གསན་རོགས་གནང་།