ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཀྲུ་ཌོ་མཆོག་གིས་ཁྲ་རམ་མཆོག་དང་ལྷན་དུ་བཀའ་མོལ་གནང་རྒྱུ་དབུ་འཛུགས་གནང་ཡོད་པ།


ཁེ་ན་ཌའི་སྲིད་བློན་སྐུ་ཞབས་ཀྲུ་ཌོ་མཆོག་གིས་ཁོང་གི་ཡུལ་དང་། ཨ་མི་རི་ཀའི་ཚོང་འབྲེལ་ལ་གནོད་སྐྱོན་དོ་ཕོག་མི་ཡོང་བ་སོགས་ཀྱི་སྐོར་ལ་ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་ཌོ་ནོལ་ཁྲ་རམ་མཆོག་དང་ལྷན་དུ་གྲོས་མོལ་གནང་རྒྱུར་ རྒྱལ་ས་ཝཱ་ཤིང་ཀྲན་ནང་ཕེབས་འབྱོར་གནང་ཡོད་ཅིང་། ཁོང་དང་ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་ཁྲ་རམ་རྣམ་གཉིས་ཀྱི་ལྷན་འཛོམས་བཀའ་གྲོས་ཐོག་མ་དེ་ཕོ་བྲང་དཀར་པོའི་ནང་གནང་ཡོད་པ་དང་། ཁོང་རྣམ་གཉིས་ཀྱིས་ཕྱག་ཚོད་བཞི་ཙམ་གྱི་རིང་བཀའ་གྲོས་གནང་བའི་རྗེས་ཉིན་གུང་ཕྱག་ཚོད་༢པར་གསར་འགོད་པའི་ལྷན་འཛོམས་ཤིག་གནང་ཡོད་སྐོར་ཕུན་ཚོགས་ཚེ་རིང་གིས་ཕྱོགས་བསྒྲིགས་གནང་བའི་གནས་ཚུལ་དེ་གསན་གྱི་རེད།

XS
SM
MD
LG