ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་གི་རྒྱ་གར་གྱི་གྲོང་ཁྱེར་གསུམ་ནང་གི་མཛད་འཆར་ལེགས་གྲུབ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཉེ་འཆར་ཕྱི་ཟླ་༢པའི་ཚེས་༢ནས་རྒྱ་གར་གྱི་གྲོང་ཁྱེར་གསུམ་གྱི་ནང་དུ་ཆིབས་སྒྱུར་གྱི་མཛད་འཆར་ཁག་བསྐྱངས་པའི་རྗེས་སུ་དེ་རིང་ཕྱི་ཚེས་༡༣སྔ་དྲོ་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་རེད། རྒྱལ་ས་ལྡི་ལི་དང་ལྷོ་ཕྱོགས་ཨནྡྲ་པར་དེ་ཤི་མངའ་སྡེའི་གྲོང་ཁྱེར་བི་ཇཱ་ཡ་ཝ་ཌ ཧེ་དར་བྷ་ཏི། དེ་བཞིན་ནང་པའི་གནས་ས་ཨ་མྲཱ་ཝ་ཏི་བཅས་སུ་གདན་ཞུས་ལྟར་ན་གཞོན་དད་ལྡན་པར་བཀའ་ཆོས་དང་མང་ཚོགས་ལ་གསུང་བཤད། རྒྱ་གར་རྒྱལ་ཡོངས་བུད་མེད་ཀྱི་གྲོས་ཚོགས་དབུ་འབྱེད། རྒྱ་གར་ཉེན་རྟོག་པར་བཀའ་སློབ་དེ་བཞིན་ ཏཱའི་བླ་མའི་བཟང་སྤྱོད་ཐེབས་རྩ་ཁང་གསར་བཞེངས་ཀྱི་རྨང་གཞིའི་རྩིག་རྡོ་བཏིང་གནང་མཛད་པ་སོགས་ཀྱི་མཛད་འཆར་ཁག་ལེགས་པར་གྲུབ་བྱུང་ཡོད་པ་རེད།

XS
SM
MD
LG