ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

མ་སུཏ་ ཨ་ཛར་གནད་དོན་ཐོག་རྒྱ་གར་གྱིས་རྒྱ་ནག་ལ་སྐྱོན་བརྗོད་བྱས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

པ་ཀི་སེ་ཐན་ནང་ཡོད་པའི་ཇའིཤ་ཨེ་མོ་ཧ་མཏ་ཟེར་བའི་ཁ་ཆེའི་དྲག་སྤྱོད་པའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་མ་སུཏ་ ཨ་ཛར་རྒྱལ་ཚོགས་ཀྱི་འཇིགས་བསྐུལ་དྲག་སྤྱོད་པའི་ཐོ་གཞུང་ནག་པོའི་ནང་འཇོག་རྒྱུའི་གྲོས་འཆར་ལ་རྒྱ་ནག་གིས་སླར་ཡང་འགག་ཆ་བྱས་འདུག་པ་དེར་རྒྱ་གར་གྱིས་རྒྱ་ནག་ལ་ངོ་རྒོལ་བྱས་འདུག རྒྱལ་ཚོགས་ནང་པ་ཀི་སེ་ཐན་གྱི་ཁ་ཆེའི་དྲག་སྤྱོད་པ་དེ་འཇིགས་བསྐུལ་བའི་བྱེད་ལྟེའི་ཐོ་གཞུང་ནང་འཇོག་རྒྱུར་རྒྱ་ནག་གིས་འགག་ཆ་བྱས་པ་དེ་ད་ལམ་ཐེངས་དང་པོ་མིན་པ་དང་། དེའི་གོང་སྔར་ལོ་ཡང་རྒྱ་ནག་གིས་གྲོས་འཆར་དེར་འགག་ཆ་བྱས་ཡོད་པ་རེད། ཟླ་བ་སྔོན་མར་ཨ་རི་གཞུང་གིས་མ་སུཏ་ ཨ་ཛར་འཇིགས་བསྐུལ་བའི་ཐོ་གཞུང་ནག་པོར་འཇོག་དགོས་པར་གྲོས་འཆར་བཏོན་པ་དེར་ཕྷི་རན་སི་དང་དབྱིན་ཡུལ་གྱིས་རྒྱབ་སྐྱོར་བྱས་ཡོད་ནའང་། རྒྱ་ནག་གིས་དེར་འགོག་རྐྱེན་བྱས་ནས་གྲོས་འཆར་དེ་རང་བཞིན་གྱི་འགག་ཡོད་པ་རེད།

XS
SM
MD
LG