ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱལ་སྤྱིའི་བོད་ལས་འགུལ་ཁང་གིས་རྒྱ་གཞུང་ནས་ཨ་རིའི་སློབ་གྲྭ་ཆེན་མོར་ཐེ་ཇུས་ལ་སྐྱོན་བརྗོད།


རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རིའི་ཀྱེ་ལི་ཕོར་ནི་ཡ་སློབ་གྲྭ་ཆེན་མོའི་སེན་ཌི་ཡར་སྒོའི་གཙུག་ལག་སློབ་གྲྭས་ད་ལོའི་སྤྱི་ཟླ་དྲུག་པའི་ནང་སྤྱི་ནོར་༧གོང་ས་མཆོག་གདན་ཞུ་གནང་བ་དེ་ལ་རྒྱ་རིགས་སློབ་ཕྲུག་གི་མཉམ་འབྲེལ་ཚོགས་པས་ངོ་རྒོལ་བྱེད་བཞིན་ཡོད་པའི་གནད་དོན་དེས་རྒྱ་ནག་ནས་ཨ་རིའི་སློབ་གྲྭ་ཆེན་མོའི་སློབ་གཉེར་རང་དབང་ལ་ཐེ་ཇུས་བྱེད་ཀྱི་ཡོད་པ་ཞིག་རེད་ཅེས་སྐྱོན་བརྗོད་གནང་བ་དང་ རྒྱ་རིགས་སློབ་ཕྲུག་ཚོགས་པའི་ངོ་རྒོལ་གྱི་ལས་འགུལ་དང་རྒྱ་ནག་གི་གཞུང་ཚབ་ཁང་འབྲེལ་བ་ཡོད་པ་སོགས་ཀྱི་གནས་ཚུལ་དེ་ཚོར་ཨ་རི་མི་མང་དང་ལྷག་པར་ཕྱི་སྲིད་ལྷན་ཁང་དང་གྲོས་ཚོགས་ནས་ཐུགས་ཚབ་དགོས་པ་ཞིག་རེད་ཅེས་སོགས་བཀོད་པའི་གནས་ཚུལ་ཞིག་བཏོན་ཡོད་པ་རེད།

XS
SM
MD
LG