ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་རྒྱལ་སྲུང་དྲུང་ཆེ་གསར་པ་ཇེམྶ་མ་ཏིས་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གཅིག་ལ་འཚམས་གཟིགས་ཆེད་ཕེབས་ད་རིང་ཝ་ཤིན་ཀྲོན་ནས་ཕེབས་ཡོད་པ་དང་། དེ་ནི་སྲིད་འཛིན་ཌོ་ནོལ་ཁྲ་རམ་གྱི་བློན་ཆེན་ཁོངས་ནས་ཕྱིའི་ཡུལ་གྲུར་གཟིགས་བསྐོར་གནང་མཁན་དང་པོ་དེ་ཡིན་པ་མ་ཟད། དེའི་གོང་སྲིད་འཛིན་ཁྲ་རམ་གྱིས་འོས་བསྡུའི་དྲིལ་བསྒྲགས་ཀྱི་གཏམ་བཤད་ནང་མཐུན་ཕྱོགས་རྒྱལ་ཁབ་ཚོར་མངའ་ཁུལ་གྱི་སྲུང་སྐྱོབ་འོག་མགོ་རྙོག་ཅན་གྱི་འགྲེལ་བརྗོད་བྱས་པ་བཅས་ཀྱིས་འབྲེལ་བར་སྐྱོན་ཆག་བྱུང་བ་རྣམས་བསྐྱར་གསོའི་ཆེད་ཕེབས་ཀྱི་ཡོད་པ་རེད།

XS
SM
MD
LG