ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་གི་གནད་དོན་ཐད་རང་གི་ཆེ་མཐོང་ཡང་བརླག་ཏུ་འཇུག་གི་ཡོད་ལུགས་སྐྱོན་འཛུགས་བྱས་ཡོད་པ།


ཧོང་ཀོང་དབྱིན་ཇིའི་འོག་ཏུ་ཡོད་པའི་སྐབས་ས་གནས་དེའི་སྤྱི་ཁྱབ་ཡིན་པ་སྐུ་ཞབས་ཀི་རི་སི་ པེ་ཌེན་གྱིས་ དབྱིན་ཇིའི་གཞུང་གིས་རྒྱ་ནག་དང་ཚོང་དོན་གྱི་གྲོས་མཐུན་འཇོག་རྒྱུའི་ཆེད་དུ་ དེ་སྔ་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱེད་པའི་སྐབས་ཁས་ལེན་བྱས་པ་གཞིར་བཟུང་ད་ལྟ་ལག་བསྟར་མི་བྱེད་པར་ ཚོང་གི་ཁེ་ཕན་གྱི་དོན་དུ་ རང་གི་ཆེ་མཐོང་ཚུན་ཆད་ཀྱང་བློས་གཏོང་རྩིས་བྱེད་ཀྱི་ཡོད་པའི་སྐྱོན་འཛུགས་བྱས་ཡོད་འདུག

XS
SM
MD
LG