དབྱིན་ཇིའི་སྲིད་བློན་ལྕམ་མཻ་མཆོག་གིས་གཟའ་ཉི་མའི་ཉིན་དབྱིན་ཇིའི་བརྙན་འཕྲིན་དང་རླུང་འཕྲིན་བྷི་བྷི་སི་ཡིས་བཅར་འདྲི་ཞུས་པར་བཀའ་ལན་གནང་སྐབས་ཁོང་རིང་མིན་གཟའ་པ་སངས་ཀྱི་ཉིན་ཨ་རིའི་རྒྱལ་ས་ཝཱ་ཤིང་ཀྲན་ལ་གཟིགས་སྐོར་ལ་ཕེབས་ཏེ་སྲིད་འཛིན་ཌོ་ནོལ་ཁྲ་རམ་མཆོག་དང་ལྷན་དུ་བཀའ་མོལ་གནང་སྐབས་དབྱིན་ཇི་དང་ཨ་མི་རི་ཀའི་སྲིད་གཞུང་གསར་པའི་དབར་དམིགས་བསལ་གྱི་འབྲེལ་ལམ་ཞིག་གསར་གཏོད་གནང་རྒྱུ་ཡིན་ལུགས་གསུངས་འདུག དབྱིན་ཇིའི་བེུད་ཀྱི་སྲིད་བློན་གཉིས་པ་ལྕམ་མཻ་མཆོག་གི་ཨ་མི་རི་ཀའི་གཟིགས་སྐོར་དེ་ནི། གཟའ་སྤེན་པའི་ཉིན་ཨ་མི་རི་ཀ་ཐེ་བས་འཛམ་གླིང་གི་གྲོང་ཁྱེར་དང་གྲོང་བརྡལ་བརྒྱ་ཕྲག་མང་པོའི་ནང་སྲིད་འཛིན་ཁྲ་རམ་གྱིས་བེུད་ཚོ་དང་། འཁོར་ཡུག ཁ་ཆེའི་ཐོག་འཛིན་པའི་སྲིད་བྱུས་ཁག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པའི་རྗེས་གནང་གི་ཡོད་པ་རེད།