ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

སྲིད་འཛིན་ཨཽ་བྷ་མ་མཆོག་གིས་རྒྱ་ཆེ་མང་ཚོགས་ལ་གསུང་བཤད་མཐའ་མ་དེ་གནང་ཡོད་པ།


ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨཽ་བྷ་མ་མཆོག་གིས་ རེས་གཟའ་མིག་དམར་ཉིན་གྱི་ཕྱི་དྲོ་ རྒྱ་ཆེ་མང་ཚོགས་ལ་གལ་ཆེའི་གསུང་བཤད་མཐའ་མ་དེ་གནང་སྟེ་ འདས་པའི་ལོ་བརྒྱད་དེའི་རིང་ལ་རྒྱ་ཆེ་མང་ཚོགས་ཀྱི་རྒྱབ་སྐྱོར་དང་མཉམ་རུབ་ཀྱི་ནུས་པ་ལ་བརྟེན་ནས་ རང་གི་ལས་དོན་བྱེད་སྒོ་གང་ཅིའི་ཐད་ལ་གྲུབ་འབྲས་གང་ལེགས་སོན་ཏེ་ སྐབས་དེའི་གནས་སྟངས་དང་བསྡུར་ན་ ད་ཆ་གང་ཅིའི་ཐད་ནས་གནས་སྟངས་ཡག་ཏུ་ཕྱིན་ཡོད་པ་ནི་ཀུན་གྱིས་མཐོང་ཆོས་སུ་གྱུར་ཡོད་ཅེས་གསུངས་པ་དང་འབྲེལ་ གྲུབ་འབྲས་དེ་དག་རྒྱུན་འཁྱོང་ཐུབ་རྒྱུར་ཚང་མས་འགན་འཁུར་ལེན་དགོས་པའི་འབོད་བསྐུལ་བཅས་གནང་ཡོད་པ་རེད།

XS
SM
MD
LG