ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་གིས་རྡོ་རྗེ་གདན་དུ་སོག་པོའི་དགོན་པ་ཞིག་གི་དབུ་འབྱེད།


སོག་ཡུལ་གྱི་དགའ་ལྡན་ཐེག་ཆེན་ཆོས་གླིང་དགོན་པའི་མཁན་པོས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན་༧སྤྱི་ནོར་༧གོང་སྐྱབས་མགོན་ཆེན་པོ་མཆོག་གིས་ཁ་ས་གཟའ་ཟླ་བའི་ཉིན་གནས་མཆོག་རྡོ་རྗེ་གདན་དུ་སོག་པོའི་ནང་པའི་དགོན་པ་ཞིག་གི་དབུ་འབྱེད་བཀྲིན་བསྐྱངས་འདུག ཡང་དུས་འཁོར་དབང་ཆེན་དང་འབྲེལ་ཡོད་ཀྱི་གནས་ཚུལ་ཞིག་ལ་བལ་ཡུལ་གྱི་ནང་པའི་ཚོགས་པ་སྐྱིད་སྡུག་ཁག་༢༣གྱིས་ཐུན་མོང་གི་ཐོག་ནས་ཚེས་༡༤་ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་ཞིག་བསྟར་འབུལ་ཞུ་གི་ཡོད་སྐོར་ཕུན་ཚོགས་ཚེི་རིང་ལཌ་ཀྱིས་ཕྱོཌ་བསྒྲིཌ་གནང་བའི་གནས་ཚུལ་དེ་གསན་གྱི་རེད།།།

XS
SM
MD
LG