ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཐེ་ཝན་དང་ཨ་གླིང་རྒྱལ་ཁབ་ཁག་གི་ཕྱི་འབྲེལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

སང་ཉིན་གཟའ་སྤེན་པ་ནས་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་དབུས་ཨ་མི་རི་ཀའི་ཧོང་རྡུ་ར་སི་དང་ཨལ་ས་བ་དྷོར། གོ་ཊ་མ་ལ་དང་ཎི་ག་ར་ཁུ་བ་བཅས་རྒྱལ་ཁབ་༤་ལ་འཚམས་འདྲིར་ཕེབས་ཏེ། ཐེ་ཝན་དང་དབུས་ཨ་མི་རི་ཀའི་རྒྱལ་ཁབ་དེ་དག་གི་ཕྱི་འབྲེལ་སྲ་བརྟན་གཏོང་གི་ཡོད་པ་དང་། རྒྱ་ནག་གི་གནོན་ཤུགས་འོག་ཏུ་ལོ་རེ་བཞིན་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་ཇེ་ཉུང་དུ་འགྲོ་བཞིན་ཡོད་ཅིང་། སྲིད་འཛིན་ཚེ་དབྱིན་ཝེན་དབུས་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ལ་ཕེབས་པའི་ཞོར་དུ་ཨ་མི་རི་ཀའི་ཧིའུ་སི་ཊོན་དང་སན་ཧྥ་རན་སི་སི་ཀོ་གྲོང་ཁྱེར་གཉིས་སུ་འབབ་སྡོད་བྱས་ཏེ། ཁོང་གིས་ཨ་མི་རི་ཀ་དང་ཐེ་ཝན་གྱི་འབྲེལ་བ་ཡར་རྒྱས་གཏོང་ཐུབ་པའི་འབད་བརྩོན་གནང་འཆར་ཡོད་པ་དང་། ཉེ་ཆར་སྲིད་འཛིན་ཚེ་དབྱིན་ཝེན་དང་ཨ་རིའི་འདེམས་ཐོན་སྲིད་འཛིན་ཌོ་ནལ་ཊམ་གཉིས་ཀྱིས་ཐད་ཀར་ཁ་པར་ནང་དུ་བཀའ་མོལ་གནང་ནས་བཟུང་། རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བར་འགལ་ཟླ་བྱུང་ཡོད་པ་དང་། ཨ་རིའི་འདེམས་ཐོན་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀས་མཐའ་གཅིག་ཏུ་རྒྱ་ནག་གཅིག་གི་སྲིད་ཇུས་རྩ་འཛིན་བྱ་དགོས་པའི་ངེས་པ་མེད་ཅེས་གླེང་སློང་བྱས་ཡོད་པ་རེད།།

XS
SM
MD
LG