ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨོ་བྷ་མས་དབུས་འཛམ་གླིང་གི་དབུ་ཁྲིད་རྣམས་ཀྱིས་ཕྱི་ལོ་གསར་ཚེས་ཀྱི་འཚམས་འཕྲིན།


ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨཽ་བྷ་མ་མཆོག་གིས་ ཕྱི་ལོ་༢༠༡༧ལོ་གསར་དུ་ཚེས་པར་ ཨ་མི་རི་ཀ་བ་ཡོངས་ལ་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་གནང་བ་དང་འབྲེལ་ རང་ཉིད་ཀྱིས་འདས་པའི་ལོ་བརྒྱད་ཀྱི་རིང་སྲིད་འཛིན་གྱི་ལས་འཁུར་སླངས་པའི་རིང་དེར་ རྒྱ་ཆེ་མང་ཚོགས་རྣམས་ནས་རྒྱབ་སྐྱོར་དང་མཉམ་རུབ་ཀྱི་ནུས་པ་ཆེན་པོ་བཏོན་པའི་གྲུབ་འབྲས་ལ་བརྟེན་ནས་ ད་ཆ་ཨ་མི་རི་ཀ་འདི་བཞིན་ ཕྱོགས་གང་ཅིའི་ཐད་ནས་ཡར་རྒྱས་གོང་འཕེལ་ཆེ་བའི་གནས་སྟངས་བཟང་པོ་ཞིག་གི་ཐོག་གནས་ཐུབ་པ་བྱུང་ཡོད་སྟབས་ ངས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད་ དེ་ལྟར་སྲིད་འཛིན་མཆོག་གིས་ཕྱི་ལོ་གསར་ཚེས་ཀྱི་སྔ་ནུབ་ཏུ་རླུང་འཕྲིན་ཐོག་གནང་བའི་འཚམས་འདྲིའི་གསུང་བཤད་དེའི་ནང་ རང་གི་ལས་དུས་རིང་གི་གྲུབ་འབྲས་དང་མཛད་རྗེས་རྣམས་མང་ཚོགས་ལ་དྲན་སྐུལ་གནང་བ་དང་འབྲེལ་ གྲུབ་འབྲས་དེ་དག་རྒྱུན་འཁྱོང་བྱ་རྒྱུར་ཚང་མས་དོ་འཁུར་བྱེད་དགོས་པའི་འབོད་བསྐུལ་ཡང་གནང་ཡོད་པ་རེད།

XS
SM
MD
LG