ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གི་འཚོ་བ་འབྲིང་རིམ་པ་ཚོས་ཀྱང་ཉེན་རྟོག་པའི་སྡུག་རྩུབ་ལ་དོ་སྣང་།


རྒྱ་ནག་ནང་གི་འཚོ་བའི་གནས་སྟངས་འབྲིང་རིམ་ཅན་མི་མང་སྟོང་ཕྲག་མང་པོས་དྲ་རྒྱའི་ཐོག་ལ་ཉེན་རྟོག་པའི་སྡུག་རྩུབ་ཅན་གྱི་བྱ་སྤྱོད་ལ་ངོ་རྒོལ་གྱི་ཡོངས་གྲགས་ཡིག་གེར་མཚན་རྟགས་འགོད་བཞིན་ཡོད་པ་དང་ སྤྱི་ཚོགས་ཐོག་ལ་ཉེན་རྟོག་མི་སྣའི་རྩུབ་སྤྱོད་ལ་མི་མང་དཀྱུས་མ་ཚོས་རྒྱུན་དུ་ནས་སྐད་འབོད་བྱེད་བཞིན་པ་དང་མི་འདྲ་བར་འཚོ་བའི་གནས་སྟངས་བཟང་བའི་མི་ཚོས་ཀྱང་སྐད་འབོད་ངོ་རྒོལ་བྱས་པའི་རྒྱུན་ལྡན་མ་ཡིན་པའི་གནས་ཚུལ་ཞིག་ཆགས་ཡོད་པ་རེད། དྲ་ཐོག་ལ་མཚན་རྟགས་བསྡུ་རུབ་བྱེད་བཞིན་པའི་ཡོངས་གྲགས་ཀྱི་ཡིག་གེ་ཉུང་མཐར་གཉིས་ཙམ་ཡོད་པ་དེ་ཚོ་ནི་རྒྱ་ནག་ནང་གི་སློབ་གྲ་ཆེན་མོའི་སློབ་གྲོགས་ཀྱིས་སྒྲིག་འཛུགས་བྱེད་ཀྱི་ཡོད་པ་དང་དེ་ལྟར་བྱེད་དགོས་དོན་ནི་གཟའ་འཁོར་སྔོན་མའི་གཟའ་པ་སངས་ཉིན་མོ་གཞུང་གི་ཁྲིམས་ཁང་ནས་ལོ་ན་༢༩ཡིན་པའི་མི་མང་སློབ་གྲ་ཆེན་མོའི་སློབ་མ་ལིའི་ཡུང་ འདས་དགྲོང་དང་འབྲེལ་ཡོད་ཉེན་རྟོག་མི་སྣ་ལྔའི་འགྱོད་འཛུགས་ཕྱིར་འཐེན་བྱས་པར་སྐྱོན་བརྗོད་ཆེད་དུ་ཡིན་པ་རེད།

XS
SM
MD
LG