ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བླ་མ་ཡིད་དམ་གྱི་བྱིན་རླབས་ལ་ཐག་ཉེ་རྒྱང་གི་སྐད་ཆ་གང་ཡང་མེད་ཅེས་བཀའ་བསྩལ།


༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཨུ་རུ་སུའི་ནང་པའི་ས་ཁུལ་ཁག་གི་དད་ལྡན་ཆོས་ཞུ་བ་གཙོ་བོར་གྱུར་པར་སྤྱོད་མཇུག་ཆེན་མོའི་བཀའ་ཆོས་བཀྲིན་ཆེ་སྐབས་ཐོག་མར་བོད་ནས་ཕེབས་མཁན་ཚོར་དུས་འཁོར་དབང་ཆེན་ལ་བསྡད་མ་ཐུབ་ཀྱང་བློ་ཕམ་བྱེད་དགོས་མེད་པར་ བོད་ཟླ་ ༡༡ ཚེས་ ༡༣ ནས་ ༡༥ བར་ཉིན་གྲངས་གསུམ་རིང་བོད་ནས་ཚུར་སྨོན་ལམ་རྒྱོབ། ངོས་ཀྱིས་འདི་ནས་བོད་ནང་ཡོད་པའི་རྒྱ་ཆེ་མི་མང་དངོས་འབྲེལ་དད་པ་དང་དམ་ཚིག་གཡོ་བ་མེད་པ་ཚོ་དབང་གི་དམིགས་འོག་ཏུ་བཅུག་ནས་སྨོན་ལམ་རྒྱག་གི་ཡིན། དེ་བཞིན་རྒྱ་ནག་ནང་རྒྱ་རིགས་ནང་པ་ཧ་ཅང་ཕོན་ཆེན་པོ་ཡོད་པ་དེ་ཚོའི་ནང་ནས་དབང་ཞུ་འདོད་ཡོད་པ་ཏན་ཏན་ཡོད་པས་ཚང་མ་ངོས་ཀྱིས་དམིགས་འོག་ཏུ་བཅུག་སྟེ་སྨོན་ལམ་རྒྱག་གི་ཡིན། བླ་མ་ཡི་དམ་གྱི་བྱིན་རླབས་ནི་ཐག་ཉེ་རྒྱང་གི་སྐད་ཆ་གང་ཡང་མེད་ཅེས་བཀའ་བསྩལ་ཡོད་པ་རེད།

XS
SM
MD
LG