ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་ཨ་རིའི་སཱི་བྷི་ཨེསི་བརྙན་འཕྲིན་གྱི་གཟའ་ཉི་མའི་སྔ་དྲོའི་ལས་རིམ་ལ་གདན་ཞུ་གནང་བ།


བསྟོན་པ་ཡེ་ཤུའི་འཁྲུངས་སྐར་གྱི་ཉིན་མོ་སྟེ་ ཕྱི་ཟླ་༡༢པའི་ཚེས་༢༥ རེས་གཟའ་ཉི་མའི་ཉིན་ ཨ་མི་རི་ཀའི་སཱི་བྷི་ཨེསི་བརྙན་འཕྲིན་ཁང་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ བརྙན་འཕྲིན་ཁང་དེའི་གཟའ་ཉི་མའི་སྔ་དྲོའི་ལས་རིམ་ཞེས་པར་འཇི་ལྟར་གདན་ཞུ་གནང་བ་ལྟར་ཆིབས་བསྒྱུར་བསྐྱངས་ཏེ་ དེང་སྐབས་འཛམ་གླིང་འདིར་འཕྲད་བཞིན་པའི་དཀའ་ངལ་མང་དག་ཅིག་ནི་ ང་ཚོ་ཚང་མ་འགྲོ་བ་མི་གཅིག་པ་ཡིན་པའི་འདུ་ཤེས་འཛིན་རྒྱུ་གལ་ཆེར་ངོས་འཛིན་མི་བྱེད་པར་ཆོས་ལུགས་དང་ མི་རིགས་ ལུང་ཚན་སོགས་མི་གཅིག་པའི་ཁྱད་པར་ཡོད་པ་དེ་དག་གལ་ཆེར་ངོས་འཛིན་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་བྱུང་བ་ཞིག་རེད་ཅེས་གསར་འགོད་པ་སེདྷ་ ཌཱོན་ལ་བཀའ་གནང་ཡོད་པ་རེད།

XS
SM
MD
LG