ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཨི་ཊི་ལིའི་ཉེན་རྟོག་པས་བྷར་ལིན་ལ་གཏོར་རྒོལ་བྱེད་མཁན་བསད་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

གཟའ་འཁོར་འདིར་ཐུ་ཎི་ཤི་ཡའི་སྐྱབས་བཅོལ་བ་ཞིག་གིས་འཇར་མན་ཎིའི་རྒྱལ་ས་བྷར་ལིན་གྲོང་ཁྱེར་གྱི་མི་ཚོགས་ཆེ་བའི་ཁྲོམ་ས་ཞིག་ལ་དོ་སྐྱེལ་རླངས་འཁོར་བཏང་སྟེ། མི་༡༢་ལ་སྲོག་སྐྱོན་དང་མི་༥༠་ཡས་མས་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་ཅིང་། འདས་ཉིན་ཤས་རིང་འཇར་མན་ཎིའི་ཉེན་རྟོག་པ་ཚོས་ལོ་ན་༢༤་ལ་སོན་པའི་ཐུ་ཎི་ཤི་ཡའི་སྐྱབས་བཅོལ་བ་ཨམ་རི་ཞེས་པ་ཞིག་རྩད་གཅོད་བྱས་ཏེ། དེ་རིང་གཟའ་པ་སངས་ཉིན་ཨི་ཊི་ལིའི་ཉེན་རྟོག་པ་ཚོས་མཱི་ལན་གྲོང་ཁྱེར་དུ་འཇར་མན་ཎིའི་རྒྱལ་སར་གཏོར་རྒོལ་བྱེད་མཁན་དེར་མེ་མདའ་བརྒྱབ་ནས་བསད་ཡོད་པ་དང་། ཐུ་ཎི་ཤི་ཡའི་སྐྱབས་བཅོལ་བ་ཨམ་རི་ཞེས་པ་དེས་འཇར་མན་ཎིའི་རྒྱལ་སའི་ཁྲོམ་ས་ཞིག་གི་མི་ཚོགས་ཁྲོད་དུ་དོ་སྐྱེལ་རླངས་འཁོར་བཏང་ནས་གཏོར་རྒོལ་བྱས་པའི་རྗེས་སུ་ཨི་ཊི་ལིར་བྲོས་བྱོལ་དུ་སོང་ཡོད་པ་རེད།།

XS
SM
MD
LG